དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནམ་ལྕགས་འབར་བ་——བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག གཙང་པོའི་ཆུ་འགོ་སྲུང་སྐྱོང་བྱེད”ཅེས་པའི་ཡན་ལག་གླེང་སྟེགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཚེས་10ཉིན་གྱི་ཕྱི་དྲོ། གནམ་ལྕགས་འབར་བ་ བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག གཙང་པོའི་ཆུ་འགོ་སྲུང་སྐྱོང་བྱེད”ཅེས་པའི་ཡན་ལག་གླེང་སྟེགས་གཉེར་བ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། གསོན་ཉམས་དོད་པའི་དཔེ་མཚོན་དང་ཞིབ་ཅིང་ཕྲ་བའི་གྲངས་གཞི་སྤྱད་དེ་རིག་གཞུང་ཞིབ་འཇུག་གི་ལེགས་ཆ་མངོན་པར་བྱས་ནས་བོད་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཐད་ཐབས་དང་ཇུས་བཏོན་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་ཤིས་ཚིག་བསྒྲོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གླེང་སྟེགས་ལ་ཞུགས་པ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་གིས་ཡན་ལག་གླེང་སྟེགས་གཙོ་སྐྱོང་གནང་བ་རེད།

    ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཧོང་ཅན་ཕིང་གིས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་དངོས་པོ་སྐྱེལ་འདྲེན་དང་དེའི་ཤུགས་རྐྱེན”ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཞུ་གནང་བ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཕེའོ་ཧྲེ་ལུང་གིས་ཚང་མར“མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་ཐཱན་གཏོང་ཡོང་ཚོད་སྐོར་གྱི་ཞིབ་འཇུག”མཉམ་སྤྱོད་གནང་བ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཞུས་ཞང་ཏེས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་ཆུ་འཁོར་རྒྱུག་དང་དེའི་ཤུགས་རྐྱེན”སྐོར་གྱི་སྙན་ཞུ་གནང་བ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཏིང་ལིན་གྱིས“མཚོ་བོད་ས་མཐོ་དང་ཧི་མ་ལ་ཡ་འབུར་དུ་ཐོན་པ་དེས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི”སྙན་ཞུ་གནང་བ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུའུ་ཐུང་གིས“གྲངས་གཞིར་བརྟེན་ནས་མཛེས་སྡུག་ལྡན་པའི་ལྷ་ས་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས”ཞེས་པའི་སྙན་ཞུ་གནང་བ། ཆུ་བེད་པུའི་ཆུའི་ཐོན་ཁུངས་དོ་དམ་སིའི་སི་ཀྲང་གཞོན་པ་ཀྲང་ཧུང་ཤིང་གིས“ཆུའི་ཐོན་ཁུངས་དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་སྙན་ཞུ་གནང་བ་རེད།

    རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཁྱབ་ཁོངས་མི་འདྲ་བ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ་དང་ཚོགས་ཞུགས་སྐུ་མགྲོན་ཚོས་ནན་ཏན་ངང་ཉན་པ་དང་ཟིན་བྲིས་ཞིབ་ཚགས་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།