དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནམ་ལྕགས་འབར་བ་——བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོས“མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་དུ་སྐྲུན། བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་སྤྱོད”ཅེས་པའི་ཡན་ལག་གླེང་སྟེགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཚེས་10ཉིན་གྱི་ཕྱི་དྲོ། གནམ་ལྕགས་འབར་བ་ བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོས“མཛེས་སྡུག་ལྡན་པའི་བོད་ལྗོངས་མཉམ་དུ་སྐྲུན། བདེ་སྐྱིད་ལྡན་པའི་འཚོ་བ་མཉམ་དུ་སྤྱོད”ཅེས་པའི་ཡན་ལག་གླེང་སྟེགས་གཉེར་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་གིས་ཤིས་ཚིག་བསྒྲོན་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཅིན་ནན་གྱིས་ཡན་ལག་གླེང་སྟེགས་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་རྡོ་རྗེས“བསྐྱར་སྤྱོད་ཆོག་པའི་ནུས་རྒྱུ་གཙང་མ་ཚན་རིག་དང་མཐུན་པའི་ངང་གསར་སྤེལ་དང་བེད་སྤྱོད་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་འདེགས་སྐྱོར་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྙན་ཞུ་གནང་བ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དབྱིན་ཡུས་ལུང་གིས“ས་མཐོའི་གྲོང་འདབས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིག་ནུས་སྐྱེ་ཁམས་གསོ་ཚགས་བྱེད་སྟངས་འཚོལ་ཞིབ་དང་ཞིབ་འཇུག་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཚང་མར་ཞིབ་འཇུག་གི་གྲུབ་འབྲས་མཉམ་སྤྱོད་བྱས་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཧྥེང་ཆི་ཡིས“བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དང་། ཤུགས་རྐྱེན། དེ་འཚམ་གྱི་ཞིབ་འཇུག་འཕེལ་རིམ”བཅས་སྐོར་གྱི་སྙན་ཞུ་གནང་བ། བོད་ལྗོངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཧྥང་ཅང་ཕིང་དང་། རང་བྱུང་ཐོན་ཁུངས་པུའི་རྒྱལ་ཁབ་ས་ཆའི་བར་མཐོངས་སྐྱེ་ཁམས་སླར་གསོ་སིའི་སི་ཀྲང་ཝང་ལེ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ས་ཆ་སྲུང་སྐྱོང་སིའི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཁྲེན་ཤིན་ཧྥུང་བཅས་ཀྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག བོད་ཀྱི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པའི་རིན་ཐང”དང་། “སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མཉམ་སྐྲུན་བྱེད་དགོས” “རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས”ཞེས་པ་བཅས་བརྗོད་དོན་གཙོ་བོར་བྱས་ཏེ་སྤེལ་རེས་དང་མཉམ་སྤྱོད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།