དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནམ་ལྕགས་འབར་བ་——བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོ་ཉིང་ཁྲིར་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    ཟླ་9ཚེས་10ཉིན་གྱི་དགོང་མོར། གནམ་ལྕགས་འབར་བ་ བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་གླེང་སྟེགས་སྐབས་དང་པོའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་ཉིང་ཁྲིར་གྲོལ་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཤའོ་ཡིའུ་ཚའེ་དང་། འཇམ་དཔལ། ཚེ་རིང་ཕུན་ཚོགས། མོང་ཞའོ་ལིན་བཅས་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཡའོ་ཐན་ཏུང་དང་། ཏིང་ལིན། ཧོང་ཅན་ཕིང་། ཕེའོ་ཧྲེ་ལུང་། ཀྲུའུ་ཐུང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་ཝང་ཅིན་ནན་དང་། རྡོ་རྗེ། ཞུས་ཞང་ཏེ། དབྱིན་ཡུས་ལུང་། ཧྥེང་ཆི་བཅས་གླེང་སྟེགས་ལ་ཞུགས་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝེ་ཤིའུ་ཁྲང་གིས་མཇུག་འགྲིལ་མཛད་སྒོ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཝེ་ཤིའུ་ཁྲང་གིས་ནན་བཤད་གནང་དོན། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་རེད། བོད་ཀྱི་སྐྱེ་ཁམས་ཐབས་ཇུས་ཀྱི་གནས་བབ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོན་དེ་ནམ་ཡང་སེམས་ཀྱི་གཏིང་དུ་བཅངས་པའི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད། ཀུན་གྱི་ལེགས་ཆ་འཚོལ་བསྡུ་དང་མཉམ་སྡུད་མཉམ་གསོག་བྱས་ནས་ད་ཐེངས་གླེང་སྟེགས་ཀྱི་བསམ་ཕྱོགས་གསར་པ་དང་། འདུ་ཤེས་གསར་པ། བྱ་ཐབས་གསར་པ་བཅས་ཕྱོགས་སྡོམ་དང་བསྡུ་ལེན་གང་ལེགས་བྱེད་པ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་འཕྲད་པའི་དུས་བབ་གསར་པ་དང་། འགྲན་སློང་གསར་པ། ལས་འགན་གསར་པ་བཅས་ལ་རང་འགུལ་ངང་དབྱེ་ཞིབ་དང་ཁ་གཏད་གཅོག་པ། རིག་གཞུང་གྲུབ་འབྲས་བེད་སྤྱོད་དང་ཁྱབ་གདལ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གླེང་སྟེགས་ཀྱི་གྲུབ་འབྲས་དེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་ཀྱི་བྱ་ཐབས་དང་། གསར་གཏོད་ཀྱི་སྲིད་ཇུས། ནུས་ལྡན་གྱི་ལམ་སྲོལ། སྤྱོད་གོ་ཆོད་པའི་རྣམ་གྲངས་བཅས་སུ་འགྱུར་བ་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་བོད་འདི་ཉིད་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་གདོང་ལེན་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཐབས་ཇུས་ལག་བསྟར་བྱེད་པའི་ཚད་ཤིང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་ལས་བྱེད་པའི་དཔེ་མཚོན། ལྗང་མདོག་ཐཱན་ཉུང་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་མིག་དཔེ་བཅས་སུ་ཧུར་ཐག་འགྱུར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།