དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བཞིའི་དུས་ཆེན་རིང་གི་ཚོང་འགུགས་ལ་གྲུབ་འབྲས་བཟང་པོ་ཐོབ་པ།

    རྣམ་གྲངས་ཁག་110ལ་གན་རྒྱ་བཞག་པ་དང་གྲོས་མཐུན་མ་དངུལ་བསྡོམས་སྒོར་དུང་ཕྱུར་397ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-12

    གསར་འགོད་པར་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་8པ་ནས་བཟུང་། ལྷ་ས་དང་། ལྷོ་ཁ། ནག་ཆུ། མངའ་རིས་བཅས་ས་ཁུལ་དང་གྲོང་ཁྱེར་བཞིས་ས་གནས་དེ་གའི་ཁྱད་ལྡན་སྲོལ་རྒྱུན་དུས་ཆེན་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་དང་རྣམ་གྲངས་ལ་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ་གཉེར་བ་དང་། རྣམ་གྲངས་ཁག་110ལ་གན་རྒྱ་བཞག་པར་བསྡོམས་མ་དངུལ་སྒོར་དུང་ཕྱུར་397ཟིན་ནས་དུས་ཆེན་གྱི་ཚོང་འགུགས་ཐད་ཚད་བརྒལ་གསར་པ་བྱུང་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་བོད་དབུས་རྒྱུད་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་མཐོ་ས་དང་སྨན་རྫས་ཐོན་ལས་ཁུལ་གཏོད་རྒྱུའི་དམིགས་ཚད་ལ་དམིགས་ཏེ་པེ་ཅིང་དང་། སུའུ་ཀྲོའུ། ཧང་ཀྲོའུ་བཅས་ནས་ཁེ་ལས་བདུན་བབ་མཚུངས་ཀྱི་གླིང་དུ་འདྲེན་འགུགས་བྱས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱིས་ཉི་ནུས་ངོས་ལེབ་དྲོད་སྡུད་ཡོ་ཆས་ཐོན་སྐྱེད་ལས་རིམ་དང་། མིས་བཟོས་རིག་ནུས་རྩིས་རྒྱག་ལྟེ་གནས། ས་མཐོའི་དྲོད་ལེན་སྒྲིག་ཆས་ཐོན་སྐྱེད་ལས་རིམ་སོགས་ཀྱི་རྣམ་གྲངས་ལ་གན་རྒྱ་བཞག་ནས་དྭངས་གཙང་ནུས་རྒྱུ་བཟོ་སྐྲུན་དང་ས་གནས་དེ་གའི་བསྡུ་ཉར་གཙང་སེལ་སོགས་ཀྱི་ཐོན་ལས་ཕྱོགས་སུ་རྒྱ་སྐྱེད་བཏང་བ། ནག་ཆུ་གྲོང་ཁྱེར་གྱིས་བར་ཁྱམས་ཀྱི་ཁྱད་ལྡན་ཡུལ་སྐོར་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྐྱེ་ཁམས་རྩེ་གྲའི་གསོལ་མགྲོན་ཁང་དང་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་རྟེན་གཞིའི་རྣམ་གྲངས་ནང་འདྲེན་བྱས་པ། མངའ་རིས་ས་ཁུལ་གྱིས་ཅང་སུའུ་བོད་ནས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཐེབས་རྩ་དང་། རང་སྐྱོང་ལྗོངས་ས་གཤིས་གཏེར་ཐོན་རྩད་ཞིབ་གསར་སྤེལ་ཅུས་ས་གཤིས་རུ་ཆེན་ལྔ་པ། ཅང་སུའུ་རུང་ཧུའེ་ཐུང་ཡུང་ལིས་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་བཅས་དང་མཉམ་ལས་བྱས་ནས་མར་མེ་ཚྭ་མཚོའི་ལིས་གཏེར་གསར་སྤེལ་བྱས་ཏེ་ལྗང་མདོག་གཏེར་ལས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་དང་གྲོང་ཁྱེར་བཞིས་གན་རྒྱ་བཞག་པའི་རྣམ་གྲངས་ཁྲོད་རྣམ་གྲངས་རྐྱང་པ་11ལ་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་10ལྷག་ཙམ་གཏོང་རྒྱུ་ཡིན་པ་དེས་རྣམ་གྲངས་བསྡོམས་འབོར་གྱི་10%བཟུང་ཡོད་པས་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་ཐོན་ལས་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།