གནད་དོན་འདི་དག་ཧ་གོ་ན་ཐེར་འདོན་བྱེད་ཆོག ཁ་པར་ཨང་གྲངས་ཡོད།
རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཁག་དང་པོའི་ལྟ་བཤེར་ཚོགས་ཆུང་བཅའ་སྡོད་བྱས་ཟིན་པ།
ཟླ་9ཚེས་7ཉིན་དང་ཚེས་8ཉིན། བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ལྷ་ས་དང་། ལྷོ་ཁ། ཆབ་མདོ། ནག་ཆུ་གྲོང་ཁྱེར་བཅས་སུ་བཅའ་སྡོད་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་བྱས་པ་མ་ཟད་སྐུལ་སློང་ཚོགས་འདུའང་འཚོགས་པ་རེད།
ད་ཐེངས་ལྟ་བཤེར་བྱེད་རིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དང་སློབ་སྦྱོང་བྱས་ཚུལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱས་ཚུལ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཚུལ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དག་ཐེར་དོན་འཁྱོལ་བྱས་ཚུལ། མི་དམངས་མང་ཚོགས་ཀྱིས་བཏོན་པའི་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཚུལ་སོགས་ལ་གཙོ་གནད་དོ་ཁུར་བྱ་རྒྱུ་རེད།
བཀོད་སྒྲིག་ལ་གཞིགས་ནས་རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཁག་དང་པོའི་བཅའ་སྡོད་དུས་ཡུན་ཉིན་20ཡིན་ཞིང་། དེའི་རིང་ལྟ་བཤེར་ཚོགས་ཆུང་ཁག་གིས་ཆེད་དོན་ཁ་པར་དང་སྦྲག་སྲིད་ཡིག་སྒམ་ཁག་སོ་སོར་བཙུགས་ནས། ལྟ་བཤེར་བྱེད་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་ཡིག་བསྐུར་དང་ཁ་པར་གྱི་ཐེར་འདོན་བདག་སྤྲོད་བྱ་རྒྱུ་དང་། ཐེར་འདོན་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་9:00-21:00(ནག་ཆུར་9:30-21:30བར་ཡིན)ཡིན། ལྟ་བཤེར་ཚོགས་ཆུང་གི་ཁོངས་མི་ཡོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་སྒྲིག་ཁྲིམས་གཏན་འབེབས》ལག་ལེན་ནན་པོ་བསྟར་ནས། ལྟ་བཤེར་བྱ་ཡུལ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་རྒྱུ་མ་ཟད། རྗེས་མཐུད་ལས་དོན་སྤེལ་རིང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། གཞི་རིམ་གྱི་ཁུར་པོ་སྔར་བས་ཡང་དུ་གཏོང་བ་དང་། གོ་རིམ་སྟབས་བདེ་རུ་གཏོང་བ། བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ནས་ལྟ་བཤེར་ལས་དོན་གྱི་གནད་སྨིན་རང་བཞིན་དང་དམིགས་སའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལྟ་བཤེར་ལས་འགན་གོ་རིམ་ལྡན་ལ་ནུས་ལྡན་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་རྒྱུ་རེད།
རེས་སྐོར་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ཁག་དང་པོའི་བཅའ་སྡོད་ཀྱི་རེའུ་མིག་ཁ་གསལ།