དབུ་ཤོག
  • ལོ30དང་སྒོར་ཁྲི132 གྲངས་ཀ་འདི་གཉིས་ཁང་པ་ཉོ་མཁན་དང་འབྲེལ་བ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-09-11

    གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། སྤྱི་གསོག་མ་དངུལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱ་ཆེད། 《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གཅིག་སྡུད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》དང《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》(བོད་སྐྲུན་དངུལ་ལྟ་སྐུལ་དོ་དམ(2022)ཡིག་ཨང་218པ)སོགས་ཀྱི་འབྲེལ་ཡོད་དོན་ཚན་ལ་བཟོ་བཅོས་བརྒྱབ་པ་དང་། ད་ལྟ་བཟོ་བཅོས་བརྒྱབ་པའི་ནང་དོན་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་བསམ་འཆར་བསྡུ་ལེན་བྱ་རྒྱུ་ཡིན་པས། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་གྲོང་མི་རྣམས་ཀྱིས་བསམ་འཆར་དང་གྲོས་འགོ་འདོན་རྒྱུར་དགའ་བསུ་ཞུ་རྒྱུ་མ་ཟད། བསམ་ཆར་དང་གྲོས་འགོ་བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་(གློག་རྡུལ་ཡིག་སྒམ། xzgjj2828@163.com)ལ་བསྐུར་ན་འགྲིག

    སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་བའི་ལས་སྒོ་ལེགས་སུ་གཏོང་བ།

    (གཅིག) 《བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི“དོན་ཚན་བཅུ་གསུམ་པའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་བའི་དུས་ཚད་ལོ་20ནས་ལོ་30བར་རིང་དུ་གཏོང་རྒྱུ” 

    (གཉིས) སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཡར་བའི་ཆ་རྐྱེན་དང་མཐུན་པའི་ལས་བཟོས་ཉོས་པའི་སྡོད་ཁང་གསར་པ་ཐོག་མ་དེ་གནོད་མེད་ཨར་སྐྲུན་གྱི་གདེང་འཇོག་ཚད་གཞིའི་སྐར་མ་གཉིས་ཡན་ཡིན་པའམ་ཡང་ན་བུ་ཕྲུག་མང་བའི་ཁྱིམ་ཚང་ཡིན་ཚེ(རིམ་རྩིས་མི་རྒྱག་པ)ད་ལྟ་ལག་བསྟར་བྱེད་བཞིན་པའི་དངུལ་བུན་གཡར་བའི་གྲངས་འབོར་གྱི་རྨང་གཞིའི་ཐོག་10%སྤར་རྒྱུ་སྟེ། ལྗོངས་ནང་ཁུལ་ནས་ཁང་པ་ཉོ་མཁན་ལ་དངུལ་བུན་གཡར་བའི་གྲངས་འབོར་མང་ཤོས་སྒོར་ཁྲི་132བར་སྤར་རྒྱུ་དང་། ལྗོངས་ཕྱི་ནས་ཁང་པ་ཉོ་མཁན་ལ་དངུལ་བུན་གཡར་བའི་གྲངས་འབོར་མང་ཤོས་སྒོར་ཁྲི་100བར་སྤར་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།