དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་ཆུ་དཔོན་མཚོ་དཔོན་ལམ་ལུགས་སྐུལ་སྤེལ་ཏན་ཏིག་བཏང་ནས་ཆུའི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-11

    ཉེ་ཆར། བོད་རང་སྐྱོང་ལྗོངས་སྟེང་ཆེན་རྫོང་གིས་2023ལོའི་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་སྤྱི་ཁྱབ་ཆུ་དཔོན་གྱི་ཚོགས་འདུ་འཚོགས་ནས། 《སྟེང་ཆེན་རྫོང་གི་ཆུ་དཔོན་ལམ་ལུགས་ལས་དོན་གཞུང་ལས་ཁང་གི་ཁོངས་མིའི་མིང་ཐོ》དང་། 《ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་རྫ་ཆུའི་འབབ་རྒྱུད་ཀྱི་ཆུ་དཔོན་མིང་ཐོ》 《ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་ཆུ་དཔོན་མིང་ཐོ》 《ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་རྫོང་རིམ་པའི་ཆུ་བོ་དང་མཚོ་མོའི་ཆུ་དཔོན་མིང་ཐོ》བཅས་ལེགས་སྒྲིག་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག རྫོང་ཡོངས་སུ་རྫོང་དང་། ཤང་དང་གྲོང་རྡལ། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཆུ་དཔོན་མཚོ་དཔོན་རྩ་འཛུགས་མ་ལག་བཙུགས་ནས། རང་སྐྱོང་ལྗོངས་རིམ་པའི་ཆུ་དཔོན་1དང་། གྲོང་ཁྱེར་རིམ་པའི་ཆུ་དཔོན་5 རྫོང་རིམ་པའི་ཆུ་དཔོན་14 ཤང་དང་གྲོང་རྡལ་རིམ་པའི་ཆུ་དཔོན་22 གྲོང་ཚོ་རིམ་པའི་ཆུ་དཔོན་61བཅས་བསྐོས་པ་རེད།

    ཆུ་བོ་དང་མཚོའི་ཆུ་ཁོངས་ཀྱི་ཆུ་རྒྱུད་དོ་དམ་ཚོད་འཛིན་དང་ཆུ་ལམ་བྱེ་སྔོག་དོ་དམ་ནན་པོ་བྱ་ཆེད། སྟེང་ཆེན་རྫོང་གིས་དུས་རྒྱུན་སྐོར་ཞིབ་བྱེད་པ་དང་། ཆུ་བོ་དང་མཚོའི་ལྟ་སྐུལ་བས་གནས་ཚུལ་གོང་ཞུ་བྱེད་པ། མང་ཚོགས་ཀྱིས་ཐེར་འདོན་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ཆུ་བོ་དང་མཚོའི“གང་བྱུང་བཞི་གཙང་སེལ”ལས་དོན་རྒྱུན་རྣམ་ཅན་དུ་གྱུར་བ་དང་ཆབས་ཅིག “གང་བྱུང་བཞིའི”གནད་དོན་དག་ཐེར་རྩིས་ཁྲ་བཟོས་ཏེ་ཟླ་རེར“གང་བྱུང་བཞིའི”གནད་དོན་གྲལ་བཤེར་ལས་དོན་སྤེལ་བ་དང་། གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་བྱེ་རའི“གང་བྱུང་དུ་སྤུངས་བ་དང་གང་བྱུང་དུ་སྔོག་པའི”གནད་དོན་དུས་བཀག་ལྟར་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ། ཆུ་ལམ་བྱེ་སྔོག་དོ་དམ་ཚད་ལྡན་དུ་གཏོང་བའི་གསོ་སྦྱོང་འདུ་ཚོགས་གཉེར་ནས་གཉེར་སྐྱོང་རང་བཞིན་གྱི་བྱེ་སྔོག་ར་བ་དང་། སོ་ཕག་བཟོ་གྲྭ གནས་སྐབས་བྱེ་སྔོག་ས་ཚིགས་བཅས་ཀྱི་འགན་འཁུར་བ་གསོ་སྦྱོང་བྱས་པ་རེད།

    གཞན་ཡང་། འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་སོགས་ཀྱི་སྐབས་སུ་སློབ་གྲྭ་དང་ཤང་དང་གྲོང་རྡལ་དུ་བསྐྱོད་དེ། ཆུ་དཔོན་མཚོ་དཔོན་ལམ་ལུགས་དྲིལ་བསྒྲགས་བྱས་ནས་དཔྱད་གཞི་1200ལྷག་ཙམ་སྤྲད་པ་རེད། དེ་དང་ཆབས་ཅིག ཆུ་དཔོན་མཚོ་དཔོན་ལམ་ལུགས་འཛུགས་སྐྱོང་གནས་ཚུལ་སྐོར་གྱི་མཐའ་འཁོར་གྱི་གྲོང་མིའི་དྲི་བར་ལན་བཏབ་ནས། དམངས་ཡོངས་ཀྱིས་ཆུའི་ཁོར་ཡུག་སྲུང་སྐྱོང་དང་ཆུའི་ཐོན་ཁུངས་ལ་གཅེས་སྤྲས་བྱེད་པའི་རྣམ་པ་ཟབ་མོ་བཏོད་པ་རེད།

    མིག་སྔའི་བར། རྫོང་རིམ་པའི་ཆུ་དཔོན་གྱིས་ཆུ་བོར་སྐོར་ཞིབ་ཁྱོན་མི་ཐེངས་27དང་ཤང་དང་གྲོང་རྡལ་རིམ་པའི་ཆུ་དཔོན་གྱིས་ཆུ་བོ་དང་མཚོར་སྐོར་ཞིབ་ཁྱོན་མི་ཐེངས་97བྱས་ནས་རིམ་རྩིས་བརྒྱབ་ན་ཆུ་བོ་དང་མཚོའི་རྒྱུད་ཀྱི་གད་སྙིགས་ཏུན་11.8གཙང་སེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།