དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱི་དཔྱིད་འདེབས་པད་ཁ་རྒྱུད་གསོའི་ཚོགས་པར་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་གསར་གཏོད་སྔོན་བརྩོན་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-11

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། ཉེ་དུས་འཚོགས་པའི་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་གསར་གཏོད་སྔོན་བརྩོན་བྱ་དགའི་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པའི“མཚོ་སྔོན་ཞིང་ཆེན་གྱི་དཔྱིད་འདེབས་པད་ཁ་རྒྱུད་གསོའི་ཚོགས་པར”རྒྱལ་ཡོངས་ཀྱི་གསར་གཏོད་སྔོན་བརྩོན་བྱ་དགའ་ཐོབ་པ་རེད། འདི་ནི་བྱ་དགའ་དེ་བཙུགས་ཚུན་མཚོ་སྔོན་ཞིང་ཆེན་ཚན་ཞིབ་ཚོགས་པར་བྱ་དགའ་ཐོབ་ཐེངས་དང་པོ་དེ་ཡིན།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་གསར་གཏོད་སྔོན་བརྩོན་བྱ་དགའ་ནི་2017ལོར་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་། མི་སྤྱི་པུའུ། ཚན་རྩལ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་བཅས་ཀྱིས་མཉམ་དུ་བཙུགས་པ་དང་། རྨང་གཞིའི་ཞིབ་འཇུག་དང་མདུན་ཕྱོགས་ཀྱི་འཚོལ་ཞིབ། སྒྲིག་ཆས་གལ་ཆེན་དང་ལས་གྲྭའི་འགག་སྒྲོལ། གྲུབ་འབྲས་གཞན་སྒྱུར་དང་གསར་གཏོད་ལས་གཏོད། ཚན་རིག་ཁྱབ་གདལ་དང་སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐད་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་གྱི་ཕུལ་བྱུང་ཚན་རྩལ་ལས་དོན་པ་དང་ཕུལ་བྱུང་ཚོགས་པར་གཙོ་གནད་ཐོག་གཟེངས་བསྟོད་བྱས་ཡོད། རྒྱལ་ཡོངས་ཀྱི་གསར་གཏོད་སྔོན་བརྩོན་བྱ་དགའ་ནི་རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའི་ཁོངས་གཏོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཁ་གསབ་ཅིག་ཡིན་ལ། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་དང་ཤེས་ལྡན་པ་གལ་ཆེན་གྱི་འཆར་གཞི་སྦྲེལ་མཐུད་ནུས་ལྡན་བྱེད་པ་ཞིག་ཀྱང་ཡིན་པས། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའ་མཐོ་ཤོས་ཕུད་པའི་རྒྱལ་ཁབ་ཀྱི་ཚན་རྩལ་ཤེས་ལྡན་པའི་བྱ་དགའ་ཆེན་པོ་ཞིག་རེད། བྱ་དགའ་དེ་ལོ་གསུམ་རེར་དཔྱད་འདེམས་གཟེངས་བསྟོད་ཐེངས་རེ་བྱེད་པ་དང་། གཟེངས་བསྟོད་བྱེད་ཐེངས་རེར་ཚན་ཞིབ་ཚོགས་པ་10ལས་བརྒལ་གྱི་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།