དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟོལ་མེད་རྣམ་དག་བསམ་པ་བཅངས། ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-10

    ལོ་བརྒྱའི་འགྱུར་ལྡོག་ཆེན་པོའི་མདུན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་བརྟན་པོ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཡག་པོ་བྱུང་ཚེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་དེ་བས་མང་བའི་སྒུལ་ནུས་གསར་པ་ཡོང་བ་དང་འཛམ་གླིང་ལ་བརྟན་ལྷིང་གི་ཆ་སྔར་བས་མང་བ་ཡོང་ཐུབ། འདི་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁར་ཟོལ་མེད་རྣམ་དག་གིས་སྲིད་ཇུས་ཀྱི་བསམ་གཞི་བཏོན་གནང་ནས་ལོ་10འཁོར་བའི་ལོ་རེད། ལོ་10ཡི་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོས་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འགྲོ་ལམ་ཐོག་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་པ་དང་། ཨ་ཧྥེ་རི་ཁའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་དང་། སེ་ནེ་ཀ་ལའི་ཧྥང་ཅུའོ་ཉི་ཟམ་ཆེན། ཁེན་ནི་ཡའི་གནམ་ཐང་གི་མྱུར་བགྲོད་གཞུང་ལམ། མོང་ནེ་ལྕགས་ལམ་སོགས་རྣམ་གྲངས་འབོར་ཆེན་ལས་མཇུག་འགྲིལ་ནས་རྩིས་སྤྲད་པ་སོགས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་གྱི་གསུང་སྒྲ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོ་དང་རི་ཆུའི་ཁྲོད་གྲགས་དང་གྲགས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།