དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ས་ར་ཡེ་ཝོའི་ལྕགས་ལམ་གློག་འཁོར་སྒྱུར་བཀོད་རྣམ་གྲངས་ཀྱི་ལམ་ཐིག་གཙོ་བོ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-09

    ཤིན་ཧྭ་གསར་འགྱུར་ཁང་ས་ར་ཡེ་ཝོའི་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་བྷོ་ཧེར་གྱི་རྒྱལ་ས་ས་ར་ཡེ་ཝོའི་ལྕགས་ལམ་གློག་འཁོར་སྒྱུར་བཀོད་རྣམ་གྲངས་ཀྱི་ལམ་ཐིག་གཙོ་བོ་ཤར་གཏོང་ཐུབ་པ་རེད།

    ས་ར་ཡེ་ཝོའི་ལྕགས་ལམ་གློག་འཁོར་ནི་ཡོ་རོབ་ཀྱི་གནའ་སྔ་ཤོས་ཀྱི་ལྕགས་ལམ་གློག་འཁོར་གྱི་གྲས་ཤིག་རེད། ད་ཐེངས་ཀྱི་སྒྱུར་བཀོད་རྣམ་གྲངས་ཀྱི་ལམ་ཐིག་གཙོ་བོ་དེ་དབྱི་ལི་ཀྲ་ནས་འགོ་ཚུགས་པ་དང་རྒྱལ་ཁབ་རྟེན་མཛོད་ཁང་བར་ཡིན་པར་ཁྱོན་རིང་ཚད་སྤྱི་ལེ་8.5ཡོད། ཧྲན་ཏུང་མྱུར་བགྲོད་ཚོགས་པ་རྒྱལ་སྤྱིའི་མཉམ་ལས་ཀུང་སི་དང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་པ་ལས་གྲུབ་པའི་མཉམ་འབྲེལ་སྒྲིག་གཞིར་2021ལོའི་ཟླ་4པར་འོས་སྐུལ་ཐོབ་རྩོད་བྱས་པ་བརྒྱུད་རྣམ་གྲངས་དེ་ཐོབ་པ་དང་2021ལོའི་ཟླ་8པར་དངོས་སུ་ལས་འགོ་ཚུགས་ཡོད།

    རྣམ་གྲངས་དེ་ནི་ཀྲུང་གོའི་ཁེ་ལས་ཞུགས་པའི་ཡོ་རོབ་གྲོང་ཁྱེར་གྱི་ལྕགས་ལམ་གློག་འཁོར་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་དང་པོ་དེ་ཡིན་པ་དང་། རྣམ་གྲངས་ཀྱི་མ་དངུལ་དག་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་གིས་མཁོ་འདོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།