དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ལུགས་གསོ་རིག་དང་སྨན་རྫས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་196ཏུ་དར་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཀྲུང་ལུགས་གསོ་རིག་གི་ཞབས་ཞུ་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བདེ་ཐང་ཇུས་གཞི་ལེགས་སྐྱེས་ཕུལ་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། དེ་གོང་འཚོགས་པའི་2023ལོའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཐོག་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཀྲུང་ལུགས་གསོ་རིག་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་196ལ་དར་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་གི་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བསྡོམས་འབོར་རིམ་རྩིས་བྱས་ན་ཨ་སྒོར་དུང་ཕྱུར་280ལྷག་ཙམ་ཟིན་ཡོད་ཅེས་བཤད་པ་རེད།

    སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་ཀྲུང་ལུགས་གསོ་རིག་གི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ནང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་རྒྱལ་སྤྱིའི་མཉམ་ལས་སིའི་སི་ཀྲང་ཝུའུ་ཀྲེན་ཏུའོ་ཡིས་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་སྲིད་གཞུང་དང་ས་ཁུལ་གྱི་གཙོ་གཉེར་སྒྲིག་གཞི་40དང་ཀྲུང་ལུགས་གསོ་རིག་གི་མཉམ་ལས་གྲོས་མཐུན་ལ་ཆེད་མངགས་མིང་རྟགས་བཀོད་དེ་སྤུས་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་གི་ཕྱི་རྒྱལ་ལྟེ་གནས་དང་རྒྱལ་སྤྱིའི་མཉམ་ལས་རྟེན་གཞི་ཁག་གཅིག་བསྐྲུན་པ་དང་སྒྲིག་གཞི་31རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་ཞབས་ཞུའི་ཕྱིར་གཏོང་རྟེན་གཞིར་བདམས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ལུགས་གསོ་རིག་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་196ལ་དར་ཡོད་པ་དང་གོ་ལ་ཧྲིལ་པོར་ཀྲུང་ལུགས་གསོ་རིག་སྨན་བཅོས་བྱེད་མྱོང་བའི་མི་གྲངས་འཛམ་གླིང་མི་འབོར་གྱི་གསུམ་ཆ་གཅིག་ཡན་ཟིན་གྱི་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་113གྱིས་གསེར་ཁབ་སྤྱོད་རྒྱུའི་ཁས་བླངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།