དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འདི་ལོ་ཀྲུང་གོ་དང་ལོ་སིའི་མོ་ཧན་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་100ལས་བརྒལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-09

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། འདི་ལོ་ནས་བཟུང་མོ་ཧན་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཉིན་བཞིན་མ་འདས་པར་མང་དུ་ཕྱིན་ཏེ་ཐོག་མའི་ཆ་སྙོམས་ཉིན་རེར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་3000ནས་མི་ཐེངས་8000བར་མང་དུ་ཕྱིན་ཡོད། ཟླ་4ཚེས་13ཉིན་ཀྲུང་གོ་དང་ལོ་སིའི་བར་གྱི་ལྕགས་ལམ་འགྲུལ་སྐྱེལ་མེ་འཁོར་ཤར་གཏོང་ཐུབ་ཚུན། མོ་ཧན་ལྕགས་ལམ་གྱི་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་ཚད་ཀྱང་བརྟན་པོའི་ངང་འཕར་ཏེ་ཉིན་རེར་ཆ་སྙོམས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་ཚད་མི་ཐེངས་500ལྷག་ཙམ་ཟིན་ཡོད།

    འདི་ལོའི་ཟླ་9ཚེས་5ཉིན་བར། མོ་ཧན་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚུགས་ཀྱིས་ཞིབ་བཤེར་བྱས་ནས་བཏང་བའི་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་100ལྷག་ཟིན་ནས་མི་ཐེངས་1000541ཟིན་ཡོད། དེ་དག་རྒྱལ་ཁབ་དང་ས་ཁུལ་64ནས་ཡོང་བ་དང་ཞིབ་བཤེར་བྱས་ནས་བཏང་བའི་རྒྱལ་མཚམས་འཛུལ་སྒྲོལ་གྱི་རླངས་འཁོར་འཁོར་ཐེངས་236914ཟིན་ནས་འགག་སྒོ་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།