དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལས་བྱེད་པར་སྡུག་རུས་དང་འཇོན་ཐང་ངོ་མ་ཡོད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།   ཐུའུ་ཧུང་ཁྲང་།   |     སྤེལ་དུས།  2023-09-09

    ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཚུན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“ལག་ལེན་ལ་སྣང་ཆེན”གྱི་བླང་བྱ་ལག་ལེན་ཧུར་ཐག་བསྟར་ཞིང་། ལས་དོན་སྒྲུབ་པ་དང་བྱ་གཞག་གཏོད་པའི་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ། སློབ་སྦྱོང་ལ་བརྟེན་ནས་ལས་གཏོད་ལ་སྐུལ་འདེད་དང་། འགག་སྒྲོལ་དཀའ་སེལ་གྱིས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། “དཔོན་པོ་བྱེད་སྐབས་འགན་གཡོལ་བྱེད་པ་ནི་ཚེ་གང་གི་ཞབས་འདྲེན་རེད”ཅེས་གཞི་རིམ་གྱི་ལས་བྱེད་པ་ཞིག་གིས་བཤད་པ་ལྟར། ཇི་ཙམ་སྣ་མང་རྙོག་འཛིང་ཆེ་བའི་རྣམ་པ་དང་ཇི་ཙམ་དཀའ་ཉེན་བྲེལ་ལྕིའི་ལས་འགན་གྱི་མདུན་དུ། རྒྱ་ཆེའི་ཏང་ཡོན་དང་ལྷག་པར་དུ་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དེ་ཙམ་གྱིས་རང་དཔེ་གཞན་སྟོན་དང་གོང་དཔེ་འོག་སྟོན་བྱེད་དགོས་ཤིང་། རང་འགན་གཙང་སྒྲུབ་དང་དཀའ་སྤྱད་འབད་སྒྲུབ་བྱེད་པའི་ཁྲོད་དུ་གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་རང་བཞིན་ལ་བཞུན་བརྡར་གཏོང་དགོས་པ་དང་གནད་དོན་ཤེས་རྟོགས་དང་། གནད་དོན་ལ་མི་གཡོལ་བ། གནད་དོན་ཐག་གཅོད་བཅས་བྱེད་རིང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པར་བྱེད་དགོས།

    ལས་བྱེད་པ་ཞེས་པའི་ནང་གི“ལས”ཞེས་པ་ཨང་དང་པོར་འཇོག་དགོས། རང་འགན་གཙང་སྒྲུབ་དང་འགན་འཁྲི་འཁུར་ཕོད་པའི་སྡུག་རུས་བྱ་རྒྱུ་ནི་ཏང་ཡོན་ལས་བྱེད་པས་རྒྱུན་དུ་སྦྱོང་དགོས་པའི་བྱ་བ་ཞིག་རེད། ས་གནས་ཤིག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་དང་གྲུབ་འབྲས་ལ་ཞིབ་བཤེར་བྱེད་སྐབས། རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་ལས་དོན་བསྒྲུབས་པ་དང་བྱ་གཞག་བཏོད་པའི་ཕན་འབྲས་དངོས་ལ་ལྟ་དགོས་ཤིང་། དཀའ་སྤྱད་འབད་བརྩོན་བྱེད་ཀྱི་ཡོད་དམ་ཡང་ན་གནམ་ཆུ་སྒུག་ནས་སྡོད་ཀྱི་ཡོད་པ་དང་། ལངས་ནས་སྐད་ཆ་ཤོད་ཀྱི་ཡོད་དམ་ཡང་ན་སྒུར་ནས་ལས་ཀ་བྱེད་ཀྱི་ཡོད་པ། འཛེམ་མེད་དམར་འདོན་བྱེད་ཀྱི་ཡོད་དམ་ཡང་ན་གཡོ་ཟོལ་སླ་བཅོས་བྱེད་ཀྱི་ཡོད་པ་བཅས་ལས། བྱ་གཞག་གི་རྒྱལ་ཕམ་ཐག་ཆོད་ལ། ཆབ་སྲིད་ཀྱི་སྣང་ཚུལ་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཏང་སྲོལ་གྱིས་སྲིད་སྲོལ་གང་འདྲ་ཡོང་མིན་ཐག་ཆོད་ལ། སྤྱི་ཚོགས་ཀྱི་དར་སྲོལ་ལའང་སྐུལ་ཁྲིད་ཐུབ་པས། རང་འགན་གཙང་སྒྲུབ་དང་། འགན་འཁྲི་འཁུར་ཕོད་པ། དཀའ་སྤྱད་མདུན་སྐྱོད། འཐབ་རྩོད་བྱེད་ཕོད་པ་བཅས་ཀྱི་རྣམ་པ་དང་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་དགོས་པ་དང་། དེ་བཞིན་ཡང་དགའ་ལྗིད་སྐྲག་དང་། སྐྱིད་འདོད་འགུལ་འཚེར། ཁྲལ་སེལ་སླ་བཅོས། ཉི་མ་གང་འཁྱོལ་སོགས་སྒྱིད་ལུག་གི་སྣང་ཚུལ་བཅོས་སྐྱོང་ནན་པོ་བྱེད་དགོས།

    དོན་ཆེན་བསྒྲུབ་དུས་ཡིན་ནའང་འདྲ་ཡང་ན་དོན་ཆུང་བསྒྲུབ་དུས་ཡིན་ནའང་འདྲ། གང་ལྟར་འགན་འཁྲི་འཁུར་ཕོད་པའི་རང་འགུལ་དང་སེམས་ཤུགས་དགོས། མང་ཚོགས་ཀྱི་ཁྲོད་དང་། གཞི་རིམ་གྱི་འཐབ་ས་དང་པོ། ཆ་རྐྱེན་ཞན་པ་དང་འགལ་བ་མང་བའི་ས་གནས་བཅས་ལ་བསྐྱོད་ན། ཐབས་ཤེས་དེ་བས་རྙེད་སླ་ལ་འཇོན་ཐང་ཡང་ཆེ་རུ་འགྲོ་བདེ་པོ་ཡོད། གཞུང་ལས་ཁང་དུ་བསྡད་ནས་དཔྱད་ཡིག་ལྟ་རྒྱུ་ཁོ་ནར་གོམས་པ་དང་། གོང་རིམ་གྱི་བཀའ་ཁོ་ན་སྒུག་སྡོད་པ། དཀའ་རྙོག་འཕྲད་སྐབས་གཡོལ་ནས་འགྲོ་བ། མང་ཚོགས་དང་འབྲེལ་བ་བྱེད་མཁས་པོ་མེད་པ། བར་ཆད་ཕྲན་བུ་འཕྲད་ཕྱིན་ཕྱིར་བཤོལ་རྒྱག་པ་སོགས་ཀྱི་སྣང་ཚུལ་དེ་རིགས། འཇོན་ཐང་མེད་པ་དང་ལས་ཀ་བྱེད་མི་ཤེས་པ་དང་། སྒུལ་ཤུགས་མི་འདང་བ་དང་ལས་ཀ་བྱེད་མི་འདོད་པ། ཡང་ན་འགན་འཁྲི་ཁུར་མི་ཕོད་པ་དང་ལས་ཀ་བྱེད་མི་ཕོད་པ་བཅས་གང་ཞིག་ཡིན་རུང་། ཚང་མ་ལེགས་བཅོས་དང་གོང་མཐོར་གཏོང་དགོས། དོན་ཆེན་དང་དཀའ་གནད་གང་ཞིག་ཡིན་རུང་སེམས་ཤུགས་དགོས། མི་སེར་ལ་བདེ་སྐྱིད་བསྐྲུན་རྒྱུ་གཟི་བརྗིད་དང་དཀའ་གནད་ཐག་གཅོད་བྱ་རྒྱུ་བདེ་སྐྱིད་དུ་བརྩིས་ཚེ། གཞི་ནས་དུས་རབས་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་བྱས་རྗེས་གསར་པ་འཇོག་ཐུབ།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཀྲུང་དབྱང་ནས་ས་གནས་བར་ཚང་མས་འགན་འཁུར་ལས་སྒྲུབ་ཀྱི་ལྕག་སྐུལ་དང་སྲུང་སྐྱོང་ལམ་སྲོལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་རྣམ་པ་མུ་མཐུད་ཟབ་ཏུ་བཏང་བས། “འཇོན་པ་ཡར་བསྐོས་དང་། མི་འཇོན་པ་མར་ཕབ། ཐ་ཞན་ཕྱིར་ཕུད”བཅས་ཀྱི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ས་གནས་ཤིག་གི་ཆབ་སྲིད་ཀྱི་སྣང་ཚུལ་ཡག་པོ་དང་ལས་སྒྲུབ་ལས་གཏོད་ཀྱི་ངང་ཚུལ་ཟབ་པོ་ཡོད་ན། དེ་གའི་ཏང་ཡོན་ལས་བྱེད་པ་འཚར་ལོངས་མགྱོགས་པོ་ཡོང་བ་དང་མང་ཚོགས་ལ་ཕན་པ་མང་པོ་ཐོབ་ཀྱི་ཡོད། བྱེད་ཕོད་མཁན་ལ་འགན་འཁུར་བ་དང་། འགན་འཁུར་མཁན་ལ་འགན་འཁུར་བ། ལས་ཀ་བྱེད་མཁན་ལ་རྒྱབ་སྐྱོར་བཅས་བྱས་ཚེ། གཞི་ནས་རྒྱུན་ཆད་མེད་པར་ལས་ཀ་བྱེད་པའི་སྟོན་ཕྱོགས་ཡང་དག་ཏུ་དང་། ལས་ཀ་བྱེད་པའི་སྒུལ་ཤུགས་ཆེ་རུ། ལས་ཀ་བྱེད་པའི་མཉམ་ཤུགས་ཆགས་པ་བཅས་བྱེད་ཐུབ།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།