དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སློབ་ཆེན་གྱིས་2023ལོར་བསྡུས་པའི་སློབ་མ་གསར་པ་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-09

    ཟླ་9ཚེས་7ཉིན་གྱི་སྔ་དྲོར། བོད་ལྗོངས་སློབ་ཆེན་གྱིས་2023ལོར་བསྡུས་པའི་སློབ་མ་གསར་པ་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་སུན་ཤན་ཀྲུང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག རྒྱལ་སྟོབས་འཕེལ་བར་ང་ཡིས་འབད། འབད་འབུངས་ཆེར་སྐྱེད་བློ་འགྱོད་མེད་པར་བྱ། སློབ་གྲོགས་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་བཅངས་ནས་མི་རིགས་མཐུན་སྒྲིལ་ལ་སྣང་ཆེན་དང་། ཕུགས་བསམ་ཆེན་པོ་ལྡན་པ་དང་དད་སེམས་བརྟན་པོ་ཡོད་པའི་དུས་རབས་ཀྱི་མི་གསར་ཞིག་བྱ་རྒྱུ། འཐབ་རྩོད་ཁྲོད་ནས་དཀའ་སྡུག་ཐེག་པ་དང་མཐོང་རྒྱ་ཆེ་རུ་བཏང་ནས་སྙིང་སྟོབས་ཆེན་པོས་འགན་འཁྲི་འཁུར་ནས་འཐབ་རྩོད་བྱེད་ཕོད་པའི་དུས་རབས་ཀྱི་མི་གསར་ཞིག་བྱ་རྒྱུ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་གོ་བ་ཡག་པོ་བླངས་ནས་དཀའ་སྡུག་ལ་མི་སྐྲག་པར་མདུན་དུ་སྐྱོད་པའི་དུས་རབས་ཀྱི་མི་གསར་ཞིག་བྱ་རྒྱུ། ནམ་ཡང་ལྷོད་གཡེང་མི་བྱེད་པར་སྙིང་སྟོབས་ཆེན་པོས་འབད་བརྩོན་བྱེད་པའི་དུས་རབས་ཀྱི་མི་གསར་ཞིག་བྱ་རྒྱུ་བཅས་ཀྱི་རེ་བ་ཡོད་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་ཕུལ་བྱུང་སློབ་ཆེན་སློབ་མར་གཟེངས་རྟགས་ཕུལ་བ་དང་། སློབ་མ་གསར་པ་3000ལྷག་ཙམ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།