ཟླ་9ཚེས་10ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པའི་དུས་ཚོད་བསྒྱུར་བ།
ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་ལས་སྟེགས་ནས་ཟླ་9ཚེས་4ཉིན་ཡོངས་བསྒྲགས་བྱས་པའི་བརྡ་ཁྱབ་ལ་གཞིགས་ན། 2023ལོའི་ཟླ་9ཚེས་10ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པའི་དུས་ཚོད་བསྒྱུར་རྒྱུ་དང་ཆབས་ཅིག འགྲོ་ལམ་ཨང་2པའི་ལྟ་སྐོར་ལམ་ཐིག་སྤྱོད་མཚམས་འཇོག་རྒྱུ་རེད། ལྟ་སྐོར་གྱི་སྒྲིག་ལམ་ཡག་པོ་སྲུང་བ་དང་ཡུལ་སྐོར་བ་ཕུང་གསོག་ཐེབས་ནས་སྐྲུན་དངོས་ལ་གནོན་ཤུགས་ཆེན་པོ་མི་ཕོག་པ་བྱ་ཆེད། ལྟ་སྐོར་གྱི་དུས་ཚོད་ཞོགས་པའི་ཆུ་ཚོད་དགུ་པ་ནས་འགོ་ཚུགས་རྒྱུའི་གནས་སྐབས་གཏན་འཁེལ་བྱས་ཡོད་པ་རེད། གལ་སྲིད་ཡུལ་སྐོར་བ་མང་དུ་ཕྱིན་ཚེ་ལྟ་སྐོར་གྱི་དུས་ཚོད་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ལེགས་སྒྲིག་བྱེད་རྒྱུ་དང་ཕོ་བྲང་པོ་ཏ་ལའི་གཞུང་ཕྱོགས་ཀྱི་བརྡ་ཐོ་ཚད་གཞིར་འཛིན་དགོས། ཡུལ་སྐོར་བའི་མི་ཐེངས་5000ཟིན་སྐབས་འགྲོ་ལམ་ཨང་2པའི་སྒོ་ཕྱེ་ནས་སྣེ་ལེན་བྱེད་ཚད་མང་དུ་གཏོང་རྒྱུ་རེད།
སྐབས་དེ་དུས་ཡུལ་སྐོར་བས་ཉིན་གཅིག་གི་གོང“ཕོ་བྲང་པོ་ཏ་ལའི་སྤ་སེ་སྔོན་མངགས་མ་ལག”གི་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་ནས་སྤ་སེ་སྔོན་མངགས་བྱེད་དགོས།