དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བྲག་ཡིབ་ཆུས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས།

    “གཉེར་རོགས་དང་ཚབ་སྒྲུབ”ཀྱི་ཞབས་ཞུས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-08

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་འགོ་འཛུགས་སར་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པོ་ཡོང་རྒྱུ་དེ་དོན་ལ་བབས་སར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དེ་སྲིད་དོན་ཞབས་ཞུའི་ལས་དོན་ཁག་ནང་བཅུག་སྟེ། སྤུས་ལེགས་ནུས་ཆེའི་དམངས་ཕན་བྱ་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་ཉིན་ལྟར་མང་ཚོགས་ལ་སྣེ་ལེན་ཞུ་བའི་ནང་མང་ཤོས་ཀྱི་སྐབས་སུ་མི་རིགས་7ཟིན་གྱི་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་འབྲེལ་མཐུད་བྱེད་མི་བདེ་བའི་གནད་དོན་ལ་དམིགས་ནས“གཉེར་རོགས་དང་ཚབ་སྒྲུབ”ཀྱི་ཞབས་ཞུ་ཧུར་ཐག་སྤེལ་གྱི་ཡོད་ལ། ལས་སྒོ་གཉེར་བར་ཡོང་མཁན་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་ལ་གཉེར་རོགས་དང་འཁྲིད་རོགས་ཀྱི་ཞབས་ཞུ་ཡང་བསྒྲུབ་ཀྱི་ཡོད། སྐད་བརྡ་མི་འཕྲོད་པ་དང་ཡི་གེ་མ་ཤེས་པའི་མི་ཚོགས་ལ་ཡིག་སྒྱུར་དང་ལས་རིམ་ཧྲིལ་པོ་སྒྲུབ་རོགས་ཀྱི་ཞབས་འདེགས་ཞུས་ནས། མང་ཚོགས་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ལས་སྒོ་གཉེར་བར་ཡོང་སྐབས་སྙིང་ཉེ་བའི་ཞབས་ཞུ་ཚོར་ཐུབ་པ་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ་མི་རིགས་ཁག་གི་མང་ཚོགས་ལ་རོགས་རམ་བྱས་ནས“གཉེར་རོགས་དང་ཚབ་སྒྲུབ”ཀྱི་ཞབས་འདེགས་ཁྱོན་680ལྷག་ཙམ་ཞུས་པར་མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་ཡོད། དེ་དང་ཆབས་ཅིག་ཚོམས་ཆེན་ལྟེ་གནས་དོ་དམ་གཞུང་དོན་ཁང་དུ་མི་རིགས་མཐུན་སྒྲིལ་གྱི་སྐར་ཁུང་བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ལ་སྲིད་ཇུས་བློ་འདྲི་དང་། ཨང་ཀི་འབོད་པར་ཁྲིད་སྟོན། རེའུ་མིག་རྒྱོང་བ་སོགས་ཀྱི་ཞབས་འདེགས་ཞུས་ནས་སྲིད་དོན་ཚོམས་ཆེན་དེ་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྐར་ཁུང་ཞིག་ཏུ་ཧུར་ཐག་བཏོད་དེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་བཞད་པ་དང་སྲིད་དོན་ཞབས་ཞུ་ལྟེ་གནས་དེ་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་བརྒྱུད་སྤེལ་བྱེད་པའི་གཡུལ་ས་གསར་པ་ཞིག་ཏུ་འགྱུར་བ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།