དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • སྟེང་ཆེན་རྫོང་གི“དཔྱིད་ཐིའུ་བུ་མོ”པེ་ཅིང་དུ་ཞིབ་སྦྱོང་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-08

    འདི་ནི་སློབ་མ་ཚོས་གནམ་བདེ་སྒོ་མོའི་ཐང་ཆེན་མདུན་དུ་མཉམ་པར་རྒྱག་བཞིན་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཏན་ཏིག་སྤེལ་ཆེད། ཉེ་ཆར་ཆབ་མདོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟེང་ཆེན་རྫོང་སྲིད་གཞུང་དང་སྟེང་ཆེན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས། སྟེང་ཆེན་རྫོང་འབོ་ཐ་ཤང་ལྟེ་བའི་སློབ་ཆུང་དང་དམུ་ཐ་ཤང་ལྟེ་བའི་སློབ་ཆུང་གི“དཔྱིད་ཐིའུ་བུ་མོ”20པེ་ཅིང་དུ་དུས་ཡུན་ཉིན་6གི“ཚན་རྩལ་གསར་གཏོད་དང་སྲོལ་རྒྱུན་རིག་གནས”བརྗོད་དོན་གཙོ་བོར་བྱས་པའི་ཤིན་ཏུང་ཧྥང་དཔྱིད་ཐིའུ་བུ་མོའི་ཞིབ་སྦྱོང་བྱེད་སྒོར་འདེམས་མངགས་བྱས་ཤིང་། ད་ཐེངས་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཤིན་ཏུང་ཧྥང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོ་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་རོགས་དངུལ་བཏང་བ་རེད།

    ཞིབ་སྦྱོང་བྱེད་སྒོའི་ནང་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་སོགས་ནས་ཡོང་བའི་སློབ་མ་60ལྷག་ཙམ་ཞུགས་ཡོད་པ་དང་། ཚང་མས་པེ་ཅིང་ཚན་རྩལ་ཁང་ལ་ལྟ་སྐོར་བྱས་ནས་ཚན་རིག་གི་སྤྲོ་སྣང་ཉམས་ལེན་དང་ཚན་རྩལ་གྱི་ངོ་མཚར་དང་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་པ་དང་། དབྱི་ཧོ་ཡོན་སྐྱེད་ཚལ་དང་གནའ་བོའི་ཕོ་བྲང་སོགས་ལ་ལྟ་སྐོར་བྱས་ནས་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་སྐྲུན་དངོས་དང་རིག་གནས་ཤུལ་བཞག་ལ་ལྟ་བ་དང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས་ལ་ཤེས་རྟོགས་གཏིང་ཟབ་བྱས་པ། རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་ལྟ་སྐོར་བྱས་ནས་རྒྱལ་ཁབ་ཀྱི་སྒྱུ་རྩལ་བྱ་གཞག་གི་ཁྱད་དུ་འཕགས་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་པ། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་བལྟས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་པ་རེད། ཞིབ་སྦྱོང་བྱེད་སྒོ་སྤེལ་རིང་། སྟེང་ཆེན་རྫོང་གི་ཕྲུ་གུ་ཚོས་ད་དུང་ཚང་མར《མཛེས་སྡུག་ལྡན་པའི་བོད་ལྗོངས》དང《སྒོར་གཞས》སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་འཁྲབ་སྟོན་བྱས་པ་རེད།

    ཞིབ་སྦྱོང་བྱེད་སྒོ་སྤེལ་བ་དེས“དཔྱིད་ཐིའུ་བུ་མོར”མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར་ཁྲིད་སྟོན་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་ས་བོན་ཕྲུ་གུ་ཚང་མའི་སེམས་ནང་ཟུག་པར་བྱས་ཏེ་ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་འཆང་བའི་དགའ་ཞེན་གྱི་བརྩེ་སེམས་ཟབ་མོ་སྐྱེད་སྲིང་བྱས་ནས། མི་རིགས་ཁག་གི་བྱིས་པ་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་སྐུལ་ཁྲིད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།