དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་འགྲིམ་འགྲུལ་རྣམ་གྲངས་དེའི་ལས་གྲྭའི་འཕེལ་རིམ་མྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-08

    འདི་ནི་ཨར་ལས་མི་སྣས་ལམ་སྒྲོན་བསྒར་བཞིན་པ།

    བྱང་སྐོར་ལམ་དང་དགུང་སྔོན་ལམ་སྒྱུར་བཀོད་ལས་གྲྭ་ནི་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་གཞི་ལྷོད་དུ་གཏོང་བའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། ཟམ་པ་རྩ་བའི་ཆ་ནས་བསྐྲུན་ཟིན་རྗེས་རྣམ་གྲངས་སྤྱི་ཡོངས་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། མིག་སྔའི་བར། རྣམ་གྲངས་ཀྱི་88.5%བསྐྲུན་ཟིན་པའི་ནང་། གཞུང་ལམ་ལས་གྲྭ་80%དང་། ཆུ་འབུད་ལས་གྲྭ་100% འགྲིམ་འགྲུལ་བདེ་འཇགས་ལས་གྲྭ་60% ཞོར་གཏོགས་ལས་གྲྭ་75%བཅས་ལེགས་གྲུབ་ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞུང་ལམ་ཧྲིལ་པོའི་རིང་ཚད་ལ་སྨི་1314དང་ཟམ་པའི་རིང་ཚད་ལ་སྨི་697.4ཡོད་ཅིང་། བྱང་སྐོར་ལམ་གྱི་སྒྱུར་བཀོད་ནི་དན་བག་སྡེ་ཁུལ་གྱི་ནུབ་ནས་ཤར་པེ་ཅིང་ནུབ་ལམ་གྱི་ལམ་མདོའི་བྱང་རྒྱུད་བར་ཡིན་པ་དང་། གཞུང་ལམ་དེ་གྲོང་ཁྱེར་གྱི་མ་ལམ་གཙོ་བོ་ཞིག་རེད། མིག་སྔར། ཨར་སྐྲུན་མི་སྣས་ལམ་སྒྲོན་སོགས་སྒྲིག་སྦྱོར་བྱེད་བཞིན་ཡོད་ཅིང་། སྔོན་དཔག་བྱས་ན་ཟླ་བ་དགུ་པའི་ཟླ་དཀྱིལ་དུ་ཟམ་པའི་འོག་གི་གཞུང་ལམ་ལ་སྣུམ་ནག་བཏིང་ནས་ཟླ་བ་བཅུ་པར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།