དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྟག་རྩེ་ཆུས་ཆུ་བེད་ཅུས་ཀྱིས།

    ཐབས་མང་མཉམ་སྤྱོད་ཀྱིས་ཁོངས་གཏོགས་ཁུལ་གྱི་འབྲུབ་འགོག་ཐན་འགོག་གི་ལས་དོན་ཡག་པོ་སྒྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    འདི་ལོའི་འབྲུབ་ཆུ་རྒྱས་ཚུན། སྟག་རྩེ་ཆུས་ཆུ་བེད་ཅུས་ཀྱིས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འབྲུབ་འགོག་ཐན་འགོག་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་བརྟན་པོ་འཛུགས་པ། མཐའ་ཚད་ཀྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་ཐབས་མང་མཉམ་སྤྱོད་ཀྱིས་འབྲུབ་འགོག་ཐན་འགོག་གི་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ་རེད།

    འདི་ལོའི་ལོ་སྟོད་དུ་ཆུ་བེད་པུའུ་ནན་ཅིང་ཆུ་བེད་ཆུ་དཔྱད་རང་འགུལ་ཅན་ཞིབ་འཇུག་སུའོ་ཡི་གཞོགས་འདེགས་འོག སྟག་རྩེ་ཆུས་ཆུ་བེད་ཅུས་ཀྱིས་ཆུ་མཛོད་དོ་དམ་གྱི“ཇུས་གཞི་གསུམ་དང་ཡི་གེ་གཅིག”འཐུས་སྒོ་ཚང་དུ་བཏང་ཡོད། གྲོང་ཁྱེར་རིམ་པའི་ལས་རིགས་སྡེ་ཚན་གྱི་མཛུབ་ཁྲིད་འོག ཆུ་ལོག་གི་གནོད་འཚེ་སྔོན་འགོག་གི་འཕྲལ་སྡོམ་ནང་སྦྱོང་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲུབ་འགོག་གེགས་སེལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་དང་། འགོ་ཁྲིད་ལས་བྱེད་པའི་འབྲུབ་འགོག་ཉེན་སེལ་གྱི་བཀོད་འདོམས་མཐུན་སྦྱོར་གྱི་ནུས་པ་ཆེ་རུ་བཏང་བ། འབྲུབ་འགོག་མྱུར་སྐྱོབ་དཔུང་ཁག་གི་དངོས་འཐབ་ཀྱི་ཉམས་མྱོང་དང་ཆུ་ཚད་མཐོ་རུ་བཏང་སྟེ། འབྲུབ་འགོག་སྡེ་ཚན་ཁག་གི་མཉམ་འགུལ་ལམ་སྲོལ་གྱི་སྤྱོད་གོ་ཆོད་པའི་རང་བཞིན་དང་ཆུ་ལོག་གི་གནོད་འཚེ་སོགས་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བབ་བསྟུན་ནུས་པ་དང་རོགས་ལས་ཐག་གཅོད་ནུས་པ་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།