དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གདོང་དཀར་ཁྲོམ་གཞུང་གྲོང་ཁྱེར་དོ་དམ་གཞུང་ལས་ཁང་གིས།

    ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    ཉེ་དུས་ཆར་པ་ཡང་ཡང་བབས་པ་དང་ས་གཤིས་གནོད་འཚེ་ཐོན་སླ་བའི་དུས་སུ་སླེབས་ཤིང་། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་ཆེད། ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གྲོང་ཁྱེར་དོ་དམ་ཅུས་ཀྱིས་མི་སྣ་སྒྲིག་འཛུགས་བྱས་ནས་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་རེད།

    གྲལ་བཤེར་བྱེད་རིང་། ལས་དོན་མི་སྣས་ཁྲོམ་གཞུང་ཡོངས་ཀྱི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཐོན་སླ་བའི་ཁུལ་7ལ་སྐོར་ཞིབ་བྱས་ཤིང་། དེའི་རིང་ས་གཤིས་གནོད་འཚེ་ཐོན་སླ་བའི་ཁུལ་དུ་མངོན་མེད་རྐྱེན་ངན་གྱི་ཉེན་ཟོན་བྱང་བུ་བཀལ་ཡོད་མེད་དང་། ས་གཤིས་གནོད་འཚེ་ཐོན་སླ་བའི་ཁུལ་ལ་བཅོས་སྒྲིག་དང་སྐུལ་འདེད་བཏང་ཡོད་མེད་གནས་ཚུལ། ས་གཤིས་གནོད་འཚེ་ཐོན་སླ་བའི་ཁུལ་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་མེད། དེ་བཞིན་ཉེ་འཁོར་གྱི་བདེ་འཇགས་འགོག་སྲུང་བྱ་ཐབས་དོན་འཁྱོལ་བྱས་ཡོད་མེད་གནས་ཚུལ་སོགས་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་མ་ཟད། ད་དུང་ལས་རེས་དང་ལས་རེས་སྣེ་ཁྲིད་ལམ་ལུགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། རང་འགན་གཙང་སྒྲུབ་ཀྱིས་བྱ་ཐབས་ཁག་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། སྐོར་ཞིབ་དང་། ལྟ་ཞིབ་ཚད་ལེན། ཉེན་ཟོན་སྔོན་བརྡ། འཕྲལ་སྡོམ་དང་ལེན་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཆར་དུས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པ། རྒྱུན་གཏན་མིན་པའི་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་བཅས་ཀྱི་བླང་བྱ་ཡང་བཏོན་ཡོད།

    གོམ་སྟབས་རྗེས་མར། གདོང་དཀར་ཁྲོམ་གཞུང་གིས་གྲལ་བཤེར་བྱས་པའི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ། ཚན་རིག་དང་མཐུན་པའི་ངང་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་ཇུས་གཞི་བཟོ་བ་དང་། མངོན་མེད་རྐྱེན་ངན་ཐོན་སླ་བའི་ཁུལ་གྱི་ལྟ་ཞིབ་ཚད་ལེན་དང་འགོག་བཅོས་ཀྱི་འགན་འཁྲིའི་ཚན་པ་དང་། འགན་འཁུར་བ། ལྟ་ཞིབ་ཚད་ལེན་པ་བཅས་ཁ་གསལ་བཟོ་བ། ཉེན་ཟོན་མཚོན་རྟགས་འཐུས་སྒོ་ཚང་དུ་གཏོང་བ་དང་གསར་པ་བརྗེ་བ། ཉེན་ཟོན་བྱ་ཐབས་ཁ་གསལ་བཟོ་བ་བཅས་བྱས་ནས་ས་གཤིས་ཀྱི་གནོད་འཚེ་ཐོན་སྐབས་དུས་ཐོག་ཏུ་ཤེས་རྟོགས་དང་། དུས་ཐོག་ཏུ་ཉེན་ཟོན། དུས་ཐོག་ཏུ་ཐག་གཅོད། དུས་ཐོག་ཏུ་གནས་སྤོ་བཅས་ཐུབ་པའི་འགན་ལེན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།