དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས།

    གླིང་ཁ་གཏོང་ས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    འདི་ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཤང(གྲོང་རྡལ)15ལ་རང་འགུལ་ངང་ཡུལ་སྐོར་དྲིལ་བསྒྲགས་གུར་390སྤྲད་ནས་རྒྱལ་ཁབ་དང་ཞིང་ཆེན་ལམ་རྒྱུད་ཀྱི་གླིང་ཁ་གཏོང་ས(གླིང་ཁ། ཞིང་དུད་སྤྲོ་སྐྱིད)ཁ་གསབ་བྱས་ཏེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་རེད།

    དེ་དང་ཆབས་ཅིག་ཞིང་པའི་སྤྲོ་སྐྱིད་ཁང་དང་། ལྟ་སྐོར་ཡུལ་སྐོར། ཉིན་གཅིག་གི་ངལ་གསོའི་ཡུལ་སྐོར་སོགས་གཅིག་ཏུ་འདུས་པའི་ཁྱད་ལྡན་གླིང་ཁའི་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ས་གནས་དེ་གའི་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱས་ཡོད། མིག་སྔར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་268ཀྱི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་དང་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་57.18བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།