དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་སྤོས་ཀྱི་ཁེ་ལས་ཀྲུང་གོའི་སྤུས་ཚད (ཁྲེང་ཏུའུ)ཚོགས་ཆེན་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    ཉེ་དུས་ཀྲུང་གོའི་སྤུས་ཚད(ཁྲེང་ཏུའུ)ཚོགས་ཆེན་སྐབས་ལྔ་པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོཌ་པ་དང་དུས་མཚུངས“སྤུས་ཚད་ཀྱི་བཀྲག་མདངས་འཚེར་ས། ཀྲུང་གོའི་སྤུས་ཚད་དོ་དམ་དང་སྤུས་ཚད་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན”ཡང་བྱས་ཡོད། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྤོས་ཀྱི་ཁེ་ལས་9བདམས་ཏེ་ཁྲེང་ཏུའུ་རུ་འགྲེམས་སྟོན་ལ་ཞུགས་ཡོད།

    རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་རྗེ་དངོས་གྲུབ་ཀྱིས། “སྤུས་རྟགས་གཏོད་པ་དང་སྤུས་ལེགས་ཀྱི་སྤོས་ཐོན་སྐྱེད་བྱ་རྒྱུ་ནི་བོད་ལྗོངས་སྤོས་ཀྱི་ཁེ་ལས་ཀྱི་དམིགས་ཚད་ཡིན། ཀྲུང་གོའི་སྤུས་ཚད(ཁྲེང་ཏུའུ)ཚོགས་ཆེན་ལ་ཞུགས་པས་རང་ལྗོངས་ཀྱི་སྤོས་ཀྱི་ཁེ་ལས་ལ་དེ་བས་མང་བའི་སྤེལ་རེས་ཀྱི་གོ་སྐབས་ཐོབ་ཡོད”ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།