དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་ཆུང་གིས།

    2023ལོའི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    ཨུ་ཡོན་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱི་མངགས་བཅོལ་ལྟར་ཚེས་1ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཚོགས་ཆུང་གི་2023ལོའི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་བོད་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་ཆེད་དོན་ཚོགས་ཆུང་གི་ལོ་འཁོར་གྱི་གཙོ་གནད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ཉན་པ་མ་ཟད། ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ཆེད་དོན་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། རང་ལྗོངས་ཀྱིས་རྒྱལ་ཡོངས་མི་རིཌ་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་འཛུགས་གཏོད་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ་མ་ཟད། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”མཉམ་དུ་སྤེལ་བ་དང་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ས་གནས(གྲོང་ཁྱེར)ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཡང་འབད་བསྐྱར་འབད་དང་། སྤྱོད་ཚུལ་རྒྱུན་འཁྱོངས། རང་སྐྱོང་ལྗོངས་ཆེད་དོན་ཚོགས་ཆུང་གིས་གཏན་འཁེལ་བྱས་པའི་ལས་འགན་གསལ་ཐོ་དང་ལས་ཀའི་བྱ་ཐབས་ཁག་25དང་བསྡུར་བ་བཅས་བྱས་ཏེ་དོན་ཚན་རེ་རེ་བཞིན་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་དང་། རང་སོ་སོའི་དོན་དངོས་དང་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་གྱིས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”གི་ཞིབ་ཕྲའི་ཇུས་གཞི་ལག་བསྟར་ལ་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཏེ་འཛུགས་གཏོད་ལས་དོན་གཏིང་ཟབ་ཕྱོཌ་སུ་ཁྲིད་སྟོན་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།