དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་རྟེན་མཛོད་ཁང་གིས་ཚན་རྩལ་དང་། རིག་ལྡན། རིག་གཞུང་བཅས་ལ་བརྟེན་ནས་རྟེན་མཛོད་ཁང་དར་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་པ།

    མི་དེ་བས་མང་བ་རྟེན་མཛོད་ཁང་དུ་སྐྱོད་པའི་ཡིད་དབང་བཀུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-06

    རྟེན་མཛོད་ཁང་ནི་གྲོང་ཁྱེར་ཞིག་གི་རིག་གནས་ཀྱི་མཚོན་རྟགས་རེད། སྔོན་ཆད་ཡུལ་སྐོར་བ་བོད་དུ་སླེབས་རིམ་བཞིན་གྲགས་ཅན་མཛེས་ལྗོངས་ཁུལ་ཁག་ཏུ་ལྟ་ན་སྡུག་པའི་ཡུལ་ལྗོངས་མྱོང་རོལ་ལ་འགྲོ་རྒྱུར་དགའ་པོ་ཡོད། ད་ཆ་མི་དེ་བས་མང་བས་རྟེན་མཛོད་ཁང་དུ་ལྟ་སྐོར་དུ་འགྲོ་གི་ཡོད། 2022ལོའི་ཟླ་7ཚེས་8ཉིན་བོད་ལྗོངས་རྟེན་མཛོད་ཁང་གི་འགྲེམས་ཁང་གསར་པ་ཕྱི་ཕྱོཌ་ལ་དངོས་སུ་སྒོ་ཕྱེ་ཡོད། དེ་ནི་རྟེན་མཛོད་ཁང་དུ་འགྲོ་རྒྱུར་དགའ་བའི་གྲོགས་པོ་ཚོའི་ངོས་ནས་བརྗོད་ན་གཏམ་བཟང་རང་རེད། དབྱར་གཞུང་ལ་བོད་དུ་ཡུལ་སྐོར་ལ་ཡོང་མཁན་གྲོགས་པོ་མང་པོ་ཞིག་གིས་བོད་ལྗོངས་རྟེན་མཛོད་ཁང་དུ་ཕྱིན་པས་ཁོང་ཚོས་བོད་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་ལ་རྒྱུས་མངའ་རགས་ཙམ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་བོད་ལྗོངས་རྟེན་མཛོད་ཁང་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་སྐོར་གླེང་སྐབས། བོད་ལྗོངས་རྟེན་མཛོད་ཁང་གི་ཀོན་ཀྲང་མིག་དམར་སྒྲོལ་མས“ཉེ་བའི་ལོ་ཤས་རིང་བོད་ལྗོངས་རྟེན་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པས་ང་ཚོའི་ལས་དོན་སྒྲུབ་སེམས་ཀྱང་ཆེ་རུ་ཕྱིན་སོང་། ལྷག་དོན་དུ་རྟེན་མཛོད་ཁང་གསར་པ་བསྐྲུན་རྗེས་སྒྲིག་བཀོད་ཀྱི་སྤུས་ཚད་དེ་བས་ལེགས་པ་དང་། ཞབས་ཞུ་དེ་བས་ལེགས་པ། ཉམས་ལེན་དེ་བས་ལེགས་པ་བཅས་བྱུང་བས་མི་དེ་བས་མང་བ་རྟེན་མཛོད་ཁང་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    ཚན་རྩལ་ལ་བརྟེན་ནས་རྟེན་མཛོད་ཁང་བསྐྲུན་པས་ཞབས་འདེགས་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ།

    བོད་ལྗོངས་རྟེན་མཛོད་ཁང་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁའི་བར་དུ་ཆགས་ཡོད། དེ་ནི་རང་ལྗོངས་ཀྱི་དེང་རབས་ཅན་གྱི་ནུས་པ་ལྡན་པའི་རྟེན་མཛོད་ཁང་དང་པོ་དེ་ཡིན་པ་དང་1999ལོའི་ཟླ་10པར་བསྐྲུན་ནས་སྒོ་མོ་ཕྱེ་ཡོད། 2017ལོའི་ཟླ་10པར་རྒྱལ་ཁབ་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྤྱི་པའི་རིག་གནས་ཀྱི་དམངས་ཕན་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་མ་དངུལ་སྒོར་དུང་ཕྱུར་6.6བཏང་སྟེ་རྟེན་མཛོད་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་བཙུགས་ཡོད། 2022ལོའི་ཟླ་7ཚེས་1ཉིན་བོད་ལྗོངས་རྟེན་མཛོད་ཁང་གི་འགྲེམས་ཁང་གསར་པ་རིན་མེད་པར་ཚོད་ལྟའི་གཉེར་སྐྱོང་བྱེད་འགོ་བཙུགས་པས་གྲོང་མི་དང་ཡུལ་སྐོར་བ་མང་པོ་ལྟ་སྐོར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ཡོད།

    “མཐོ་གསར་ཚན་རྩལ་སྤྱད་པས་བོད་ལྗོངས་རྟེན་མཛོད་ཁང་གི་ཕྱིའི་བཀོད་པ་ལེགས་ལ་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་འདུག དེ་ངས་བསམ་ཚོད་བྱས་པའི་སྲོལ་རྒྱུན་རྟེན་མཛོད་ཁང་དང་གཏན་ནས་འདྲ་གི་མི་འདུག”ཅེས་ལྟ་སྐོར་ལ་ཡོང་མཁན་ཡུལ་སྐོར་བས་ཧང་སངས་བཞིན་དྲན་རྟེན་པར་རྒྱག་ཞོར་དུ་བརྗོད། ཡུལ་སྐོར་བ་ཚོས་རྟེན་མཛོད་ཁང་གསར་པའི་འགྲེམས་སྟོན་ཁུལ་དང་སྤྱི་པའི་ཞབས་ཞུ་ཁུལ་དང་དེ་བཞིན་བྱིས་པའི་ཉམས་ལེན་ཁང་དང་། རིག་གནས་བསམ་བཀོད་ཉམས་ལེན་ཁང་། 4Dགློག་བརྙན་ཁང་། ལྗོངས་གཟིགས་སྒང་། ཇ་ཁང་སོགས་ཀྱི་རིག་གནས་སྤྲོ་གསེང་ཞབས་ཞུ་ཉམས་ལེན་བྱེད་ཆོག

    མིག་དམར་སྒྲོལ་མས། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རྟེན་མཛོད་ཁང་གིས་རིག་གནས་པའི་ནུས་པ་གང་ལེགས་བཏོན་ནས། རྟེན་མཛོད་ཁང་གི་རིག་གནས་ཞབས་ཞུ་ཚད་ལྡན་ཅན་དང་། དོ་སྙོམས་ཅན། ཁྱད་ཆོས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། འགྲེམས་ཁང་གི་སྤུས་ཚད་མཐོ་རུ་གཏོང་བ་ནས་མཉེན་ཆས་དང་སྒྲིག་ཆས་ལེགས་སུ་གཏོང་བའི་བར་དང་། ཞབས་ཞུའི་ནུས་པའི་ཁེར་རྐྱང་རང་བཞིན་ནས་སྣེ་མང་ཅན་གྱི་བར། སྲོལ་རྒྱུན་གྱི་ཞབས་ཞུ་ནས་5Gརིག་ལྡན་ཞབས་ཞུ་དང་གྲངས་འཛིན་ཅན་གྱི་འགྲེམས་སྟོན་སོགས་ཀྱི་བར་སྤྱི་པའི་རིག་གནས་ཀྱི་ཞབས་ཞུའི་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་པ་དང་། རང་ལྗོངས་ཀྱི་རྟེན་མཛོད་ཁང་འཕེལ་རྒྱས་ལོ་རྒྱུས་ཐོག་སླར་ཡང་མཆོང་སྐྱོད་གསར་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    རིག་ལྡན་རྟེན་མཛོད་ཁང་བསྐྲུན་པས་ལྟ་སྐོར་ཉམས་ལེན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ།

    རྟེན་རྫས་ནི་རྟེན་མཛོད་ཁང་གིས་ཉར་ཚགས་དང་། ཞིབ་འཇུག འགྲེམས་སྟོན། སློབ་གསོ་སོགས་ཀྱི་ལས་སྒོ་སྤེལ་བའི་རྨང་གཞི་ཡིན་པ་དང་། རྟེན་རྫས་སྲུང་སྐྱོབ་བྱེད་པ་དེའང་རྟེན་མཛོད་ཁང་གི་བདེ་འཇགས་ལས་དོན་གྱི་གཙོ་གནད་གྲས་ཤིག་རེད།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རྟེན་མཛོད་ཁང་གིས་རྟེན་རྫས་བསྡུ་རུབ་དང་དོ་དམ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་རིག་དངོས་ལ་ཚན་རྩལ་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། མཐོ་སློབ་དང་དེ་བཞིན་ཚན་ཞིབ་ཚན་པ་དང་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། རྟེན་མཛོད་ཁང་གི་རིག་དངོས་སྣ་ཚོགས་མྱུར་སྐྱོབ་རང་བཞིན་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་དང་ཞིབ་འཇུག་བྱས་པ་རེད།

    འགྲེམས་ཁང་གསར་པ་བསྐྲུན་རྗེས་བོད་ལྗོངས་རྟེན་མཛོད་ཁང་གིས་ཐང་གའི་ལས་དོན་ཁང་དང་། གནའ་དཔེ་ཚད་ལྡན་གཞུང་ལས་ཁང་། ལྕགས་རིགས་ལས་དོན་ཁང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་སྟེགས་སོགས་བཙུགས་ནས། རིག་དངོས་ལ་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་དང་། མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོ། གྲངས་འཛིན་ཅན་གྱི་སྲུང་སྐྱོབ་བཅས་ཀྱི་ལས་དོན་གསར་གཏོད་རང་བཞིན་ངང་སྤེལ་བ་དང་། ཐང་ག་ཉམས་གསོ་དང་། གནའ་དཔེ་ཚད་ལྡན་ཡིག་ཆ་སྲུང་སྐྱོབ། ལྕགས་རིགས་རིག་དངོས་ཉམས་གསོ་བཅས་གཙོ་བོར་བྱས་པའི་ཁྱད་ལྡན་རིག་དངོས་སྲུང་སྐྱོབ་དཔེ་སྟོན་རྟེན་གཞི་བཏོད་ཡོད། རྟེན་རྫས་ཉར་ཚགས་ཁུལ་གྱི་རྒྱ་ཁྱོན་དང་སྒྲིག་ཆས་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་རིག་དངོས་ཉར་ཚགས་ཀྱི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད།

    གཞན་ཡང་། བོད་ལྗོངས་རྟེན་མཛོད་ཁང་གིས་ད་དུང་རྟེན་རྫས་སྲུང་སྐྱོབ་དང་། ཞིབ་འཇུག བརྒྱུད་སྤེལ། འགྲེམས་སྟོན། སློབ་གསོ་སོགས་ཀྱི་ལས་སྒོར་དམིགས་ནས་ཆ་འཕྲིན་ལག་རྩལ་གསར་ཤོས་སྤྱད་དེ་ལོ་གཉིས་རིང་རྟེན་མཛོད་ཁང་གསར་པར་རིག་ལྡན་དོ་དམ་དང་། རིག་ལྡན་སྲུང་སྐྱོབ། རིག་ལྡན་ཞབས་ཞུ། རིག་ནུས་སློབ་གསོ། རིག་ལྡན་བརྒྱུད་བསྒྲགས་བཅས་མ་ལག་ཆེ་གྲས་ལྔའི་རིག་ལྡན་རྟེན་མཛོད་ཁང་གི་མ་ལག་བསྐྲུན་པ་དང་། ལྗོངས་ཡོངས་ཀྱི་རྟེན་མཛོད་ཁང་གི་ཁྱབ་ཁོངས་སུ་རིག་ལྡན་ཅན་གྱི་རྟེན་མཛོད་ཁང་སྔོན་ལ་བཏོད་པས། རྟེན་མཛོད་ཁང་གི་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་དང་། ལྟ་སྐོར་བའི་ལྟ་སྐོར་ཉམས་ལེན་ནུས་པ་ཆེ་རུ་ཕྱིན་པ། རྟེན་མཛོད་ཁང་ནང་ཁུལ་གྱི་དོ་དམ་གཉེར་སྐྱོང་གི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་སྤྱི་དམངས་ཀྱི་བསྔགས་བརྗོད་བཟང་པོ་ཐོབ་ཡོད།

    རིག་གཞུང་ལ་བརྟེན་ནས་རྟེན་མཛོད་ཁང་སྟོབས་ཆེར་བཏང་བས་སྤྱི་ཚོགས་ཀྱི་སློབ་གསོ་ཉིན་བཞིན་ཆེ་རུ་འགྲོ་བ།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རྟེན་མཛོད་ཁང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། འགྲེམས་སྟོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། འགྲེམས་ཁང་རྒྱས་སྐྲུན་རྣམ་གྲངས་ལ་བརྟེན་ནས་རྟེན་རྫས་རྩེ་གྲ་གཤོམ་མང་དུ་གཏོང་བ། ཐོན་ཁུངས་བསྡུ་སྒྲིལ་བྱས་པ་དང་འབྲེལ་ཕྱི་ཕྱོགས་སུ་སྔར་ཡོད་རྣམ་པའི་ཕུལ་བྱུང་འགྲེམས་སྟོན་བྱེད་པ། རྟེན་མཛོད་ཁང་གི་སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་བཞིན་ཡོད། 《ལོ་རྒྱུས་ཀྱི་དཔང་པོ》སོགས་འགྲེམས་སྟོན་བྱས་པ་བརྒྱུད། བོད་ནི་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག གནའ་སྔ་མོ་ནས་བཟུང་བོད་དུ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟམ་མི་ཆད་པར་བྱུང་བའི་ལོ་རྒྱུས་ཀྱི་དོན་དངོས་བཅས་གསལ་པོར་བསྟན་ཡོད།

    འགྲེམས་ཁང་སློབ་ཁང་ལ་གྱུར་པ་དང་རིག་དངོས་སློབ་གཞིར་གྱུར་ཅིང་། བོད་ལྗོངས་རྟེན་མཛོད་ཁང་གི་བྱིས་པའི་ཉམས་ལེན་ཁང་སྒོ་ཕྱེ་ཚུན་བྱེད་སྒོ་སྣ་ཚོགས་སྤེལ་ནས་བོད་ཀྱི་རིག་གནས་དྲིལ་བསྒྲགས་བྱས་པས། རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་ཡིད་དབང་བཀུག་པ་དང་གྲོགས་པོ་ཆུང་ཆུང་ཚོས་བོད་ཀྱི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་དང་རྒྱུས་མངའ་སྔར་བས་ལོན་པར་ཕན་པ་བསྐྲུན་ཡོད།

    རྟེན་རྫས་ལ་ཚན་རིག་ཞིབ་འཇུག་གཏིང་ཟབ་བྱེད་པ་ནི་རྒྱུན་ཆད་མེད་པར་འཚོལ་ཞིབ་གསང་བརྟོལ་དང་། འབྱུང་ཁུངས་གསལ་འཚོལ། འབྱུང་འགྱུར་བློ་འབྱེད་བཅས་ཀྱི་རྨང་གཞི་ཡིན་ལ། རྟེན་མཛོད་ཁང་གི་རྟེན་རྫས་འགྲེམས་སྟོན་དང་། རིག་གནས་ཁྱབ་སྤེལ། སྤྱི་ཚོགས་སློབ་གསོའི་ལས་དོན་བཅས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཞིག་ཀྱང་ཡིན། བོད་ལྗོངས་རྟེན་མཛོད་ཁང་གིས“རིག་གཞུང་ལ་བརྟེན་ནས་རྟེན་མཛོད་ཁང་འཛུགས་པའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་རིག་གཞུང་ཞིབ་འཇུག་དང་། རིག་གཞུང་འཆད་ཁྲིད། ཞིབ་འཇུག་བྱ་གཞི་སྙན་ཞུ། བགྲོ་གླེང་ཚོགས་འདུར་ཞུགས་པ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཚན་རིག་ཞིབ་འཇུག་གི་ཁོར་ཡུག་བཟང་པོ་བཏོད་ཡོད། འགྲེམས་ཁང་རིམ་པའི་ཞིབ་འཇུག་བྱ་གཞི་རེ་ཞུ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགྲེམས་ཁང་རིམ་པའི་ཞིབ་འཇུག་བྱ་གཞི་500ལྷག་ཙམ་བདེ་བླག་ངང་རེ་ཞུ་བྱས་པས་ཕུལ་བྱུང་གི་ཚན་ཞིབ་གྲུབ་འབྲས་450ཐོབ་ཡོད། 《བོད་ལྗོངས་རྟེན་མཛོད་ཁང་གི་ཁྱད་ལྡན་རྟེན་རྫས་གནད་བསྡུས》སོགས་འཆད་ཁྲིད་ཐེངས་40སྒྲིག་འཛུགས་བྱས་ནས་སྤེལ་ཏེ་སྤྱི་དམངས་ལ་བོད་ཤེས་རྟོགས་དང་གསལ་འགྲེལ་གྱི་ལས་སྟེགས་བཟང་པོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།