དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་རི་ནེ་ཝར་བཅའ་སྡོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གཅིག་གི་གཞུང་ཚབ་བོད་དུ་ལྟ་སྐོར་འཚམས་འདྲིར་ཡོང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་27ཉིན་ནས་ཟླ་9ཚེས་2ཉིན་བར། ཀྲུང་གོའི་ཕྱི་འབྲེལ་པུའི་གདན་ཞུས་ལྟར་ཕ་ཁི་སི་ཐན་དང་། བྷེ་ཨུ་རུ་སུ། ཝེ་ནེ་ཙུའེ་ལ། ཁུ་པ། ནི་ཀྲེ་རི་ཡ་སོགས་རི་ནེ་ཝར་བཅའ་སྡོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་11གི་གཞུང་ཚབ་ཀྱིས་ཀྲུང་གོར་འཚམས་འདྲི་གནང་བ་དང་འབྲེལ་བོད་དུ་ལྟ་སྐོར་འཚམས་འདྲི་ཡང་གནང་བ་རེད། ཚེས་4ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    མའོ་ཉིང་གིས་བརྗོད་དོན། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མི་རིགས་ཁག་གི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་འགན་ལེན་གང་ལེགས་བྱས་པར་གཞུང་ཚབ་པ་ཚོས་ཚད་མཐོའི་བསྔགས་བརྗོད་བྱས་ཡོད། “གཞུང་ཚབ་པ་ཚོས་བོད་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ཆུ་ཚད་སྔོན་དཔག་ལས་མཐོ་བ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་ཚང་མས་མཉམ་དུ་ལོངས་སྤྱོད་དངོས་འབྲེལ་ཐུབ་འདུག མི་དམངས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ནི་འགྲོ་བ་མིའི་ཐོབ་ཐང་ངོ་མ་ཡིན་པ་གསོན་ཉམས་དོད་པོས་གསལ་བཤད་བྱས་འདུག་ཅེས་བརྗོད་ཡོད”

    མའོ་ཉིང་གིས་བརྗོད་དོན། གཞུང་ཚབ་པ་ཚོས་ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་གི་སློབ་ཁང་དུ་སྐད་གཉིས་སློབ་ཁྲིད་སྐོར་ལ་ལྟ་སྐོར་བྱས་ཤིང་། བོད་རིགས་ཀྱི་རོལ་དབྱངས་དང་། ཞབས་བྲོ། ཡིག་གཟུགས། བསམ་བཀོད། མིས་བཟོས་རིག་ནུས་སོགས་ཀྱི་སློབ་ཁྲིད་ལ་གཟིགས་པ་མ་ཟད། སློབ་འབྲིང་གི་ཞག་སྡོད་སློབ་མའི་ཉལ་ཁང་དང་ཟ་ཁང་ལ་གཟིགས་སྐོར་ཡང་གནང་ནས་བོད་དུ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་བར་ཁས་ལེན་གང་ལེགས་གནང་བ་དང་། བོད་ཀྱི་ས་ཁོངས་རྒྱ་ཆེ་བར་བརྟེན་སློབ་གྲྭས་སློབ་མ་ཚོར་སློབ་གྲྭར་ཞག་སྡོད་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་ནི་མི་རིགས་ཁག་གི་བྱིས་པ་ཚོས་སྤུས་ཚད་མཐོ་བའི་སློབ་གསོའི་ཁེ་དབང་འདྲ་མཉམ་ལོངས་སྤྱོད་ཐུབ་རྒྱུ་འགན་ལེན་བྱེད་པའི་བྱ་ཐབས་བཟང་པོ་ཞིག་ཡིན་པས་ཀྲུང་གོས་སློབ་གསོའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པའི་ཐད་རྒྱལ་ཁབ་ཁག་ལ་མིག་དཔེ་ཡག་པོ་བསྟན་པའི་ངོས་འཛིན་བྱས་པ་རེད།

    མའོ་ཉིང་གིས་བརྗོད་དོན། གཞུང་ཚབ་པ་ཚོས་ཀྲུང་གོ་སྲིད་གཞུང་གིས་ཆོས་དད་རང་མོས་འགན་ལེན་དང་ཆོས་ལུགས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱས་པར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཀྲུང་གོ་སྲིད་གཞུང་གིས་བོད་ལུགས་གསོ་རིག་རྒྱུན་འཛིན་བྱེད་ཆེད་འབད་བརྩོན་ཆེན་པོ་བྱས་པར་བསྔགས་བརྗོད་ཀྱང་གནང་བ་རེད། “གཞུང་ཚབ་པ་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་རྫུན་བཟོ་བྱས་པའི་བོད་འབྲེལ་རྫུན་གཏམ་ནི་དཀར་ནག་ཕྱིན་ཅི་ལོག་པ་དང་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད། བདེན་པ་ཡོད་མེད་གཟུར་གནས་ཀུན་གྱིས་རྟོགས་ཐུབ་པས་རྫུན་གཏམ་དེ་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་མི་ཐུབ། ཀྲུང་གོར་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལས་རྒྱལ་ཁབ་ཁག་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་པ་གསལ་བཤད་གང་ལེགས་བྱས་ཡོད། གཞུང་ཚབ་པ་ཚོས་ཀྲུང་གོ་ཕྱོགས་དང་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འགྲོ་བ་མིའི་ཐོབ་ཐང་ཆབ་སྲིད་ཅན་དུ་འགྱུར་བར་མཉམ་དུ་ངོ་རྒོལ་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད”

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།