མགྱོགས་པོ་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་ལེན་པར་ཤོག
ལྗོངས་ཕྱིའི་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་ཞུགས་ཁ་གསབ།
གཅིག འཚོ་བའི་ཁ་གསབ་ཀྱི་ཆ་རྐྱེན་དང་སྤྲོད་ཐེངས་གཅིག་གི་ལམ་དངུལ་ཁ་གསབ།
1.ཁ་གསབ་ལེན་པའི་ཆ་རྐྱེན།
2015ལོའི་རྗེས་སུ། སློབ་ཁུངས་རང་ལྗོངས་ནས་ཡིན་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ(མཐོ་རྒྱུགས་གཏོང་སྐབས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ)ལྗོངས་ཕྱིའི་ལས་ཁུངས་དང་བྱ་གཞག་ཚན་པར་ལས་ཞུགས་ལོ་གཅིག་ཡན་བྱས་པ།
2.ཁ་གསབ་ཀྱི་ཚད་གཞི།
(1)འཚོ་བའི་ཁ་གསབ་ཀྱི་ཚད་གཞི། ཟླ་རེར་སྒོར་500དང་ལོ་གཅིག་གི་ཁ་གསབ་སྤྲོད་རྒྱུ།
(2)ཐེངས་གཅིག་རང་བཞིན་གྱི་ལམ་དངུལ་ཁ་གསབ་སྒོར་1500
3.རེ་ཞུར་མཁོ་བའི་ཡིག་ཆ།
(1)《བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱས་པའི་ཁ་གསབ་རེ་ཞུའི་རེའུ་མིག》རྒྱོང་བ།
(2)སློབ་ཐོན་སློབ་མའི་ཐོབ་ཐང་ལག་ཁྱེར་དང་སློབ་ཐོན་ལག་ཁྱེར་གྱི་པར་སློག
(3)གཙོ་གཉེར་ཚན་པའམ་ཡང་ན་མི་སྤྱོད་ཚན་པའི་སྲིད་དོན་མི་དོན་སྡེ་ཚན་གྱི་སློབ་མ་བསྡུས་པའི་ཡིག་ཆའི(ལས་ཁུངས་དང་བྱ་གཞག་ཚན་པའི་ལས་ཞུགས)པར་སློག
(4)ཁ་གསབ་རེ་ཞུའི་དུས་ཚོད་ནང་གི་གླ་ཕོགས་ཀྱི་ཞིབ་ཐོ(མི་སྤྱོད་ཚན་པའི་ཐེལ་ཙེ་རྒྱག་དགོས)
(5)ཁ་གསབ་རེ་ཞུའི་དུས་ཚོད་ནང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་བའི་དཔང་ཡིག(སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ཚན་པའི་ཐེལ་ཙེ་རྒྱག་དགོས)
4.རེ་ཞུའི་བརྒྱུད་རིམ།
བོད་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་སྤྱི་རྟགས་ལ་དོ་ཁུར་བྱེད་པ།→ལས་སྒྲུབ་ཚོམས་ཆེན།→སློབ་ཐོན་སློབ་མས་ཐོ་འགོད་པ།→ལྗོངས་ཕྱིའི་ལས་ཞུགས་ཀྱི་ཁ་གསབ་རེ་ཞུ།
5.ཁ་གསབ་སྤྲོད་ཡུལ། མཐོ་སློབ་སློབ་ཐོན་སློབ་མ།
6.རེ་ཞུ་བྱེད་མཁན། མཐོ་སློབ་སློབ་ཐོན་སློབ་མ།
7.ཁ་གསབ་ལེན་པའི་བླང་བྱ། ལས་ཀར་ཞུགས་ནས་ལོ་1ལོན་པ།
8.ཁ་གསབ་སྤྲོད་མཁན་སྡེ་ཚན། མཐོ་རྒྱུགས་གཏོང་སྐབས་ཐེམ་ཁུངས་གནས་སའི་ས་ཁུལ(གྲོང་ཁྱེར)གྱི་མི་སྤྱི་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་བྱས་ནས་སྤྲོད་རྒྱུ།
གཉིས། བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱི་བྱ་གཞག་ཚན་པའི་ལས་གནས་སུ་ཆེད་མངགས་སློབ་མ་བསྡུས་ནས་ལྗོངས་ཕྱིར་ལས་ཞུགས་བརྟན་པོ་ཐུབ་པའི་ཁ་གསབ།
1.ཁ་གསབ་སྤྲོད་ཁོངས་ཀྱི་ཆ་རྐྱེན།
སློབ་ཁུངས་གཞིས་རྩེ་གྲོང་ཁྱེར་ནས་ཡིན་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མས(མཐོ་རྒྱུགས་སྐབས་ཐེམ་ཁུངས་གཞིས་རྩེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ)བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞིའི(ཧྲང་ཧའེ་གྲོང་ཁྱེར་དང་། ཧྲན་ཏུང་ཞིང་ཆེན། ཅི་ལིན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན)བྱ་གཞག་ཚན་པའི་ལས་གནས་སུ་ཆེད་མངགས་སློབ་མ་བསྡུས་པ་དང་། ལྗོངས་ཕྱིར་ལོ་1ཡན་ལས་ཞུགས་བརྟན་པོ་ཐུབ་པའི་ཐེམ་ཁུངས་གཞིས་རྩེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ།
2.ཁ་གསབ་ཀྱི་ཚད་གཞི།
ཐེམ་ཁུངས་གཞིས་རྩེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱི་བྱ་གཞག་ཚན་པའི་ལས་གནས་སུ་ཆེད་མངགས་སློབ་མ་བསྡུས་པ་དང་། ལྗོངས་ཕྱིར་ལས་ཞུགས་བརྟན་པོ་བྱུང་བར། ཟླ་རེར་སྒོར་6000གི་ཚད་གཞིར་གཞིགས་ནས། ཟླ་རེའི་གླ་ཕོགས་དངོས་ཀྱི་ཧེ་བག་ལྟར་ཁ་གསབ་སྤྲོད་རྒྱུ།
3.ཁ་གསབ་སྤྲོད་ཡུལ། མཐོ་སློབ་སློབ་ཐོན་སློབ་མ།
4.རེ་ཞུ་བྱེད་མཁན། མཐོ་སློབ་སློབ་ཐོན་སློབ་མ།
5.ཁ་གསབ་ལེན་པའི་བླང་བྱ། ལས་ཀར་ཞུགས་ནས་ལོ་1ལོན་པ།
6.ཁ་གསབ་སྤྲོད་མཁན་སྡེ་ཚན། གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་ནས་སྤྲོད་རྒྱུ།