དབུ་ཤོག
  • གྲོན་དངུལ་འདི་སློག་གི་འདུག དུས་ཚོད་ཡོལ་ཚེ……

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-09-05

    ཉིན་ཤས་གོང་། གསར་འགོད་པར་རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སི་ནས་ཤེས་རྟོགས་བྱུང་བར། གློག་སྤྱོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་གང་ལེགས་བྱ་ཆེད། 2021ལོའི་ཟླ་12ཚེས་30ཉིན་གོང་ཐོ་ཁོངས་ནས་བསུབས་ཟིན་ཡང་གྲོན་དངུལ་ལྷག་མ་སློག་པའི་འགྲོ་ལུགས་གཉེར་མེད་པའི་འཛད་སྤྱོད་པར་དངུལ་ཚང་མ་སློག་རྒྱུ་དང་། ཁག་གཅིག་ཁ་པར་ཨང་གྲངས་བསྒྱུར་བ་སོགས་ཀྱིས་རྐྱེན་པས། གྲོན་དངུལ་སློག་པའི་འགྲོ་ལུགས་གཉེར་ཐབས་བྲལ་ཡོད། དེར་བརྟེན། ཆ་རྐྱེན་དང་མཐུན་པའི་འཛད་སྤྱོད་པས། ཟླ་9ཚེས་1ནས་30ཉིན་བར་གོ་ཆོད་ལག་ཁྱེར་འཁྱེར་ནས་གློག་འདོན་ལས་གཉེར་ཚོམས་ཆེན་དུ་གྲོན་དངུལ་སློག་པའི་འགྲོ་ལུགས་གཉེར་བར་ཡོང་དགོས། དུས་ཚོད་ཡོལ་ཡང་འགྲོ་ལུགས་གཉེར་མེད་ཚེ་གྲོན་དངུལ་སློག་པའི་དབང་ཆ་རང་འགུལ་དུ་དོར་བར་བརྩི་རྒྱུ་ཡིན། གྲོན་དངུལ་སློག་པའི་ལས་དོན་ཁྲོད་དོ་སྣང་བྱེད་དགོས་པའི་གནད་དོན་གཤམ་གསལ།

    གྲོན་དངུལ་སློག་སྐབས་གཤམ་གྱི་འབྲེལ་ཡོད་དཔྱད་གཞི་འཁྱེར་དགོས།

    གཅིག ཁེ་ལས་ཀྱི་འགྲོ་ལུགས་གཉེར་སྐབས། གྲོན་དངུལ་སློག་པའི་རེ་ཞུ(ཀུང་སིའི་ཐེལ་ཙེ་རྒྱག་དགོས་པ)དང་། ལས་གཉེར་ལག་ཁྱེར། ཁྲིམས་མིའི་ཐོབ་ཐང་ལག་ཁྱེར། བཅོལ་ཁུངས་ཆོག་འཐུས་ལག་ཁྱེར་གྱི་པར་སློག དངུལ་སློག་པའི་དངུལ་ཁང་གི་ཆ་འཕྲིན་ནམ་ཡང་ན་དངུལ་ཁང་གཱ་ཡི་པར་སློག་བཅས་དགོས།

    གལ་སྲིད་འབྲེལ་ཡོད་མི་སྣ་མངགས་ནས་གྲོན་དངུལ་སློག་པའི་འགྲོ་ལུགས་གཉེར་དགོས་ཚེ་ཁེ་ལས་ཀྱི་མངགས་བཅོལ་ཡི་གེ་དང་། མངགས་བཅོལ་མི་སྣའི་ཐོབ་ཐང་ལག་ཁྱེར། དངུལ་ཁང་གི་རྩིས་ཁྲའི་ཆ་འཕྲིན་བཅས་དགོས་པ་དང་། གོང་གསལ་གྱི་དཔྱད་གཞིར་ཁེ་ལས་ཀྱི་ཐེལ་ཙེ་རྒྱག་དགོས།

    གཉིས། མི་སྒེར་གྱི་འགྲོ་ལུགས་གཉེར་སྐབས། གྲོན་དངུལ་སློག་པའི་རེ་ཞུ(མཛུབ་ཐེལ་རྒྱག་དགོས)དང་། གློག་སྤྱོད་མཁན་གྱི་ཐོབ་ཐང་ལག་ཁྱེར(པར་སློག) གློག་སྤྱོད་མཁན་གྱི་དངུལ་ཁང་གཱ(པར་སློག)གློག་སྤྱོད་མཁན་གྱི་གློག་རིན་རྩིས་སྒྱུར་ཟིན་ཐོ་བཅས་དགོས། གལ་སྲིད་གྲོན་དངུལ་སློག་པའི་དུད་ཚང་དང་གློག་ཤུགས་མ་ལག་ཏུ་ཐོ་འགོད་བྱས་པའི་མིང་གཅིག་པ་མིན་ཚེ་ཁང་པ་བོགས་གཏོང་གི་གྲོས་མཐུན་ནམ་ཡང་ན་དོ་བདག་བརྗེ་པོ་བརྒྱབ་པའི་ལག་ཁྱེར་སོགས་མཁོ་འདོན་བྱེད་དགོས།

    ཟུར་བཀོད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་ཐོ་ཁུངས་ནས་བསུབས་ཟིན་པའི་གློག་སྤྱོད་མཁན་འཛད་སྤྱོད་པའི་གློག་རིན་ལྷག་མའི་གསལ་ཐོ།

    (རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་རོགས)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།