དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་རྒྱ་གྲམ་དམར་རྟགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་བརྗོད་དོན།

    “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ལ་ལེགས་སྐྱེས་འབུལ་བཞིན་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-05

    ཉེ་ཆར། རྒྱ་གྲམ་དམར་རྟགས་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སྨི་ལི་ཡ་ནཱ·ཧྲི་པོ་ལི་ཡ་ལི་ཆི་ཡིས་རི་ནེ་ཝར“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱལ་ཁབ་དང་ས་ཁུལ་མང་པོའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་ཞིང་། དེ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲོས་འགོ་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད།

    ཧྲི་པོ་ལི་ཡ་ལི་ཆི་ཡིས་རྒྱ་གྲམ་དམར་རྟགས་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་གི་རི་ནེ་ཝའི་སྤྱི་ཁྱབ་པུའུ་རུ་ཤིན་ཧྭ་གསར་འགྱུར་ཁང་སོགས་ཀྲུང་གོའི་སྨྱན་སྦྱོར་གྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ཀྱི་ནང་དོན་མཐུན་པས་རྒྱུན་མཐུད་ཆོག་པའི་རྣམ་པའི་ཐོག་ནས་གདོང་ཐུག་གི་ཤུགས་རྐྱེན་ཕོག་པའི་མི་རྣམས་ལ་རོགས་རམ་བྱེད་ཐུབ་ཅེས་བརྗོད།

    ཧྲི་པོ་ལི་ཡ་ལི་ཆིས་མི་ཆོས་རྩ་འཛུགས་ཤིག་ཡིན་པའི་ངོས་ནས་རྒྱ་གྲམ་དམར་རྟགས་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་གིས་མི་ཆོས་རིང་ལུགས་བྱ་སྤྱོད་ཀྱིས་རྒྱུན་མཐུད་ཆོག་པའི་ཤུགས་རྐྱེན་ཐེབས་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།

    གནམ་གཤིས་འགྱུར་ལྡོག་གིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པའི་སྐོར་གླེང་སྐབས། ཧྲི་པོ་ལི་ཡ་ལི་ཆི་ཡིས། དབུལ་ཕོངས་དང་། དྲག་ཤུགས་གདོང་ཐུག གནམ་གཤིས་འགྱུར་ལྡོག་བཅས་དབར་ནི“འཁོར་སྐྱོད་ངན་པ”ཞིག་རེད། རྒྱུན་དུ་དཔལ་འབྱོར་གྱི་ཀ་རྟེན་ཞིང་ལས་ཡིན་པའི་ས་ཆར་གདོང་ཐུག་ཐོན་གྱི་ཡོད། ས་ཆ་མང་པོར་དབུལ་ཕོངས་རྐྱེན་གྱིས་གདོང་ཐུག་འབྱུང་བཞིན་ཡོད་པ་དང་། རང་བྱུང་གནོད་འཚེས་དབུལ་ཕོངས་ཀྱི་སྣང་ཚུལ་ཆེ་རུ་འགྲོ་བཞིན་ཡོད། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་རང་བྱུང་གི་གནོད་འཚེ་ཕོག་པའི་ས་ཁུལ་དེ་དག་ལ་རོགས་རམ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས། གནམ་གཤིས་འགྱུར་ལྡོག་དབང་གིས་ས་ཁུལ་དེ་དག་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་དགོས་པའི་འབོད་སྐུལ་བྱས་པ་རེད།

    ཧྲི་པོ་ལི་ཡ་ལི་ཆི་ཡིས་རྒྱ་གྲམ་དམར་རྟགས་རྒྱལ་སྤྱི་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་དབར་སྐད་ཆ་ཤོད་རེས་གཏིང་ཟབ་དང་མཉམ་ལས་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། སྐད་ཆ་ཤོད་རེས་འདི་འདྲ་བ་དེ་བས་མང་བ་བྱེད་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།