ཀྲུང་མོང་ཐང་རྒོད་ཅན་འགོག་བཅོས་མཉམ་ལས་ལྟེ་གནས་ཨུ་ལན་དཔའ་ཐུལ་དུ་སྒོ་བྱང་བཀལ་བ།
ཀྲུང་མོང་ཐང་རྒོད་ཅན་འགོག་བཅོས་མཉམ་ལས་ལྟེ་གནས་ཚེས་1ཉིན་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་སྒོ་བྱང་བཀལ་ནས་བཙུགས་པ་རེད།
ཀྲུང་གོ་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་དང་། ཀྲུང་གོ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཉིན་དེར་ཨུ་ལན་དཔའ་ཐུལ་དུ་མོང་གོལ་རྒྱལ་ཁབ་དཔལ་འབྱོར་འཕེལ་རྒྱས་པུའུ་དང་། འཛུགས་སྐྲུན་དང་གྲོང་ཁྱེར་འཕེལ་རྒྱས་པུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་ལས་དོན་གྲོས་མོལ་བྱས་ནས་མོང་གོལ་རྒྱལ་ཁབ་ཀྱི“ཤིང་སྡོང་རྐང་དུང་ཕྱུར་10འཛུགས་པའི”འཆར་གཞིར་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་མོང་ཐང་རྒོད་ཅན་འགོག་བཅོས་མཉམ་ལས་བྱ་རྒྱུའི་སྐོར་གྱི་སྒྲོམ་གཞིའི་གྲོས་མཐུན་ལ་མཉམ་དུ་མིང་རྟགས་བཀོད་པ་དང་སྦྲགས། ཀྲུང་མོང་ཐང་རྒོད་ཅན་འགོག་བཅོས་མཉམ་ལས་ལྟེ་གནས་སྒོ་བྱང་བཀལ་ནས་བཙུགས་པ་རེད།