ཅིང་ཅིན་ཅི་ཡིས་མཉམ་དུ་གོ་ལ་ཧྲིལ་པོར་མ་འཇོག་གི“གདན་ཞུའི་ཡི་གེ”བཀྲམ་པ།
“པེ་ཅིང་གིས་ཐེན་ཅིན་དང་ཧོ་པེ་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྔོན་སྤེལ་ཁུལ་དང་དཔེ་སྟོན་ཁུལ་གཏོད་རྒྱུ་དང་། དེས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཁེ་ཕན་དེ་བས་ཆེ་བ་བསྐྲུན་རྒྱུ་རེད”ཅེས་ཟླ་9ཚེས་2ཉིན་ཅིང་ཅིན་ཅི་ས་ཁུལ་གསུམ་གྱི་ཧྲི་ཀྲང་གཞོན་པ་དང་ཧྲེང་ཀྲང་གཞོན་པས་ཞབས་ཞུའི་ཚོང་དོན་འདུ་ཚོགས་ཐོག་རྣམ་པ་གསར་རྐྱང་གི་ཚོང་འགུགས་ཀྱི་ངོ་སྦྱོར་འདི་ལྟར་བྱས་པ་རེད། ཚོགས་འདུའི་ཐོག་ས་གནས་གསུམ་གྱིས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། གོ་ལ་ཧྲིལ་པོར་ཕྱོགས་ནས་ཚོང་འགུགས་བྱས་པ་མ་ཟད། འཛམ་གླིང་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་དང་གོ་སྐབས་གསར་པ་མཉམ་དུ་ལོངས་སུ་སྤྱད་ཡོད།
ཚོགས་འདུའི་ཐོག ས་གནས་གསུམ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ《ཅིང་ཅིན་ཅིའི་མ་འཇོག་སྐུལ་གཏོང་འཐབ་ཇུས་ཀྱི་མཉམ་ལས་གྲོས་མཐུན》ལ་མིང་རྟགས་བཀོད་དེ། ཅིང་ཅིན་ཅིའི་མ་འཇོག་སྐུལ་གཏོང་སྡེ་ཚན་གྱིས་མཉམ་འབྲེལ་ལས་དོན་ཚོགས་འདུ་འཚོགས་ནས། ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་དང་། ཞབས་ཞུའི་ཚོང་དོན་འདུ་ཚོགས། ཀྲུང་གོ·ལང་ཧྥང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་ངོ་སྤྲོད་གྲོས་མོལ་ཚོགས་འདུ་སོགས་ཀྱི་ལས་སྟེགས་སྤྱད་ནས་མཉམ་དུ་ཚོང་འགུགས་ཀྱི་འོས་སྦྱོར་བྱས་པ་དང་། མཐུན་སྦྱོར་ཇུས་འགོད་ཀྱིས་རྒྱལ་ཁབ་ཕྱི་ནང་དང་མཉམ་དུ་ཚོང་འགུགས་བྱེད་སྒོ་སྤེལ་བ་རེད།