དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • པད་མ་སྒྲོལ་དཀར།

    སྤྱོད་ཡོན་གཉིས་ལྡན་གྱི་ལོ་ཆུང་བཟང་པོ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-05

    མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་ལོ་དགུའི་རྒྱུན་འཇགས་ལམ་ལུགས་སློབ་གྲྭའི་ལོ་རིམ་དགུ་པའི་འཛིན་གྲྭ་གསུམ་པའི་སློབ་མ་པད་མ་སྒྲོལ་དཀར་ནི་འཛིན་གྲྭའི་སློབ་སྦྱོང་ཨུ་ཡོན་དང་དངོས་ཁམས་སློབ་ཚན་གྱི་ཙུའུ་ཀྲང་ཡིན། སློབ་ཆུང་ནས་བཟུང་ཁོ་མོ་ནི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་པོ་ཞིག་ཡིན། ཁོ་མོ་ནི་ཁྱིམ་དུ་རྒན་རབས་དང་ཕ་མར་བརྩི་བཀུར་བྱེད་པའི་རང་རྐྱ་འཕེར་བའི་ཕྲུ་གུ་བཟང་པོ་ཞིག་ཡིན། སློབ་གྲྭའི་ནང་ཁོ་མོ་ནི་སློབ་སྦྱོང་ལ་སྦྱངས་བརྩོན་ཆེ་བ་དང་། འཛིན་གྲྭའི་ལས་ཀར་བརྩོན་པ། དགེ་རྒན་ལ་བརྩི་འཇོག་ཆེ་བ། སློབ་གྲོགས་དབར་མཐུན་སྒྲིལ་ཟབ་པ་བཅས་ཀྱི་ཕུལ་བྱུང་གི་འཛིན་གྲྭའི་ལས་བྱེད་པ་ཞིག་ཡིན། དུས་རྒྱུན་གྱི་འཚོ་བའི་ནང་ཁོ་མོ་ནི་ཁ་དན་ཚིག་ལ་གནས་པ་དང་། མི་གཞན་ལ་རོགས་རམ་བྱེད་པར་དགའ་བ། སྒྲིག་བཀུར་ཁྲིམས་སྲུང་བཅས་ཀྱི་ལོ་ཆུང་བཟང་པོ་ཞིག་ཡིན།

    སློབ་གྲྭར་པད་མ་སྒྲོལ་དཀར་གྱིས་སྙིང་རུས་ཆེན་པོས་སློབ་སྦྱོང་དང་དཀའ་སྤྱད་འབད་བརྩོན་གྱིས་ཤེས་བྱ་སྦྱངས་པར་བརྟེན་སྦྱངས་འབྲས་མདུན་གྲལ་དུ་སླེབས་པས་སློབ་གྲོགས་ཚོའི་མིག་དཔེ་བཟང་པོར་གྱུར་ཡོད། སློབ་སྦྱོང་གྱི་ཞོར་དུ་ཁོ་མོས་སློབ་གྲྭས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་ནས་ཐེངས་མི་རེར་སྦྱངས་འབྲས་བཟང་པོ་བླངས་ཀྱི་ཡོད། ད་དུང་ཁོ་མོ་དེབ་ལྟ་རྒྱུར་དགའ་བས་རྒྱུན་དུ་དཔེ་མཛོད་ཁང་ནང་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་དེབ་བལྟས་ནས་སྡོད་ཀྱི་ཡོད། པད་མ་སྒྲོལ་དཀར་གྱིས་དཔེ་དེབ་བཀླགས་རྗེས་མིག་རྒྱང་ཡངས་སུ་འགྲོ་བ་མ་ཟད་བློ་སྒོ་ཡང་འབྱེད་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།

    དུས་རྒྱུན་གྱི་འཚོ་བའི་ནང་པད་མ་སྒྲོལ་དཀར་སྤྱི་ཕན་ལས་ལ་དགའ་བ་དང་དང་བླངས་བྱེད་སྒོར་ཧུར་ཐག་ཞུགས་ནས་ལོ་ལྟར་གྱི་ཟླ་བདུན་པར་ཁོ་མོ་རྒན་ལགས་དང་མཉམ་དུ་རྒན་གསོ་ཁང་དུ་རྒན་རྒོན་ལ་ལྟ་བར་བསྐྱོད་དེ། རྒན་རྒོན་ཚོར་སེན་མོ་བྲེགས་པ་དང་། སྐྲ་བཀྲུ་བ། གཙང་སྦྲ་སོགས་བྱེད་པ་མ་ཟད། ད་དུང་རྒན་རྒོན་དང་མཉམ་དུ་འཆམ་འཆམ་བྱས་ནས་སྙིང་གཏམ་གླེང་གི་ཡོད། ཁྲོམ་དུ་སྐྱོད་སྐབས་རྐང་ལག་ཐང་པོ་མེད་པའི་རྒན་རྒོན་འཕྲད་ཚེ། ཁོ་མོས་རང་འགུལ་ངང་རྒན་རྒོན་བསྐྱོར་ནས་གཞུང་ལམ་སྒྲོལ་རོགས་བྱེད་ཀྱི་ཡོད། དུས་རྒྱུན་སློབ་གྲོགས་ལ་དཀའ་ངལ་འཕྲད་རིམ་བཞིན་ཁོ་མོས་རོགས་རམ་ཡག་པོ་བྱེད་ཀྱི་ཡོད།

    སློབ་གྲྭར་པད་མ་སྒྲོལ་དཀར་གྱིས“ངས་སློབ་སྦྱོང་ལ་སྦྱངས་བརྩོན་བྱ་རྒྱུ་ད་དུང་འདང་གི་མེད་པས་སྔོན་མ་ལས་དེ་བས་འབད་བརྩོན་བྱ་རྒྱུའི”ཆོད་སེམས་བཅངས་ནས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་བསམ་བློ་གཏོང་བ། མ་ཤེས་པ་འཕྲད་སྐབས་ཐབས་བརྒྱ་ཇུས་སྟོང་གིས་ཤེས་པར་བྱས་ཏེ་སྦྱངས་འབྲས་དེ་བས་ཡག་ཏུ་འགྲོ་བར་བྱེད་ཀྱི་ཡོད།

    དམའ་རིམ་སློབ་འབྲིང་གི་སློབ་མ་པད་མ་སྒྲོལ་དཀར་ནི་སློབ་ལ་བརྩོན་མཁན་ཞིག་ཡིན་ལ་འཛིན་གྲྭའི་པན་ཀྲང་ཞིག་ཡིན་པའི་ངོས་ནས་སློབ་གྲོགས་ཚོར་མིག་དཔེ་བཟང་པོ་སྟོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།