དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལས་སྣོན་ཞིབ་ཚགས་ལ་བརྟེན་ནས་རང་ལྗོངས་ཀྱི་ནས་ཀྱི་ཐོན་རྫས་རིགས་སྣ་ཚོགས་གསར་སྤེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-05

    གསར་འགོད་པས་བོད་ཀྱི་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། རང་ལྗོངས་ཀྱི་ནས་ལོ་ཧྲིལ་པོའི་འདེབས་ཁྱོན་མུའུ་ཁྲི་220ཡན་ལ་བརྟན་པོ་གནས་པར་བྱས་ཤིང་། 2022ལོར་ལྗོངས་ཡོངས་སུ་ནས་ཐོན་ཚད་ཏུན་ཁྲི་83.23ཟིན་ནས་ནས་ལས་སྣོན་ཞིབ་ཚགས་བྱེད་འབོར་ལྗོངས་ཡོངས་ཀྱི་ནས་ཐོན་ཚད་ཀྱི་18%བཟུང་ནས་ནས་ཀྱི་ཕན་ནུས་ཆེ་རུ་གཏོང་བའི་བཟའ་བཅའ་ཞིབ་སྤེལ་གྱི་རྣམ་པ་མངོན་ཏེ་ནས་ཀྱི་མཁྲེགས་གཟུགས་བཏུང་བྱ་དང་། ནས་ཀྱི་འཚོ་བཅུད་ཕྱེ་མ། ནས་ཀྱི་འབྲས་དམར་ཨ་རག་སོགས་ཀྱི་ཐོན་རྫས་མང་པོ་ཞིག་ཞིབ་སྤེལ་བྱས་ཡོད་པ་རེད།

    འདི་ལོའི་ཟླ་དྲུག་པར། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་ནས་ཀྱི་ཨ་རག་དཀར་པོའི་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་རྣམ་གྲངས་དེ་ཉིད་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་ལ་གཞི་ཚུགས་པ་དང་། སྔོན་དཔག་བྱས་ན། གཞན་སྒྱུར་ཡོང་འབབ་སྒོར་ཁྲི་1000ཟིན་རྒྱུ་རེད།

    ཐོན་འཕར་འབབ་འཕར་ཡོང་བ་ནི་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྔོན་འགྲོ་ཡིན། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། རང་ལྗོངས་ཀྱིས“བོད་ནས་ཨང་2000”དང་། “ཧི་མ་ལ་ཡའི་ནས་ཨང་23” “བོད་ནས་ཨང་3000”སོགས་ཐོན་འབབ་མཐོ་བའི་སྣ་ཁ་གསར་པ་སྤུས་ལེགས་ཁག་གཅིག་སྔ་རྗེས་སུ་འདེམས་གསོ་བྱས་མཐར། ལོ་བཅུ་ཡི་རིང་འབྲུ་རིགས་ཐོན་འབབ་ཏུན་ཁྲི་བརྒྱ་ཡན་བརྟན་པོ་ཡོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ནས་མི་སེར་གྱི་རྩམ་པ་ནས་ནས་ཆང་དང་ནས་ཀྱི་ཚུའོ། ནས་ཆག་སོགས་བར་འཕེལ་རྒྱས་བྱུང་སྟེ། ལས་སྣོན་ཞིབ་ཚགས་ལ་བརྟེན་ནས་ནས་ཀྱི་ཐོན་རྫས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།