ཤེལ་གྱི་ཚི་སྣའི་ཐོན་ལས་འཁོར་སྦྲེལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།
འདི་ནི་ཨེ་ཅིབ་སུའུ་དབྱི་ཧྲི་ནས་པར་བླངས་པའི་རྡོ་ཆེན་ཨེ་ཅེབ་ཀུང་སི་ཡིན་པ།
འདི་ནི་ཨེ་ཅེབ་སུའུ་དབྱི་ཧྲིའི་རྡོ་ཆེན་ཨེ་ཅེབ་ཀུང་སིར་ལས་བཟོས་ཤེལ་གྱི་ཚི་སྣའི་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།
འདི་ནི་ཨེ་ཅིབ་སུའུ་དབྱི་ཧྲིའི་རྡོ་ཆེན་ཨེ་ཅིབ་ཀུང་སིའི་མ་བཅོས་རྒྱུ་ཆ་ཐོན་སྐྱེད་འཁོར་ཁང་གི་ཕྱིའི་བཀོད་པ་ཡིན་པ།
འདི་ནི་2022ལོའི་ཟླ་9ཚེས་7ཉིན་ཨེ་ཅེབ་སུའུ་དབྱི་ཧྲི་ནས་པར་བླངས་པའི་ཀྲུང་ཨེ·ཐེ་ཏ་སུའུ་དབྱི་ཧྲི་དཔལ་འབྱོར་ཚོང་དོན་མཉམ་ལས་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ཐོག་ཁང་ཆེན་པོ་ཡིན་པ་དང་རྡོ་ཆེན་ཨེ་ཅེབ་ཀུང་སི་མཉམ་ལས་ཁུལ་དེར་གནས་ཡོད།
འདི་ནི་ཨེ་ཅིབ་སུའུ་དབྱི་ཧྲིའི་རྡོ་ཆེན་ཨེ་ཅིབ་ཀུང་སིའི་ལས་མིས་ཤེལ་གྱི་ཚིལ་སྣའི་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།
འདི་ནི་ཨེ་ཅིབ་སུའུ་དབྱི་ཧྲིའི་རྡོ་ཆེན་ཨེ་ཅིབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཨའེ་ཧ་མའེ་ཏེ·སུའུ་ལའེ་མན་གྱིས་གཞུང་ལས་ཁང་དུ་ལས་ཀ་བྱེད་བཞིན་པ།
འདི་ནི་རྡོ་ཆེན་ཨེ་ཅིབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སུའུ་ལའེ་མན(གཡས)ཀྲེ་ཅང་ཐུང་ཤང་གི་རྡོ་ཆེན་ཀྲུང་གོའི་སྤྱི་ཁྱབ་པུའུ་རུ་ལྟ་སྐོར་སྤེལ་རེས་བྱེད་བཞིན་པ།
འདི་ནི་2021ལོའི་ཟླ་12ཚེས་30ཉིན་ཨེ་ཅིབ་ཀྱི་སློབ་ཆེན་གཉིས་ཀྱི་དགེ་སློབ་ཀྱི་འཐུས་མི་རྡོ་ཆེན་ཨེ་ཅིབ་ཀུང་སིར་ལྟ་སྐོར་དང་སྤེལ་རེས་བྱེད་བཞིན་པ།
ཨེ་ཅིབ་ཏུ་རྡོ་དཀར་གོང་དང་། ཀའོ་ལིང་ས་དཀར། རྡོ་ཐལ་རྡོ་སོགས་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད་པ་དེ་ཤེལ་གྱི་ཚི་སྣ་བཟོ་བའི་རྒྱུ་ཆ་གཙོ་བོ་ཞིག་རེད། དེ་གོང་འབྲེལ་ཡོད་ལག་རྩལ་དང་། སྒྲིག་ཆས། ཤེས་ལྡན་མི་སྣ་བཅས་མ་འདང་བས་ཨེ་ཅིབ་ཀྱི་གཏེར་ཁའི་ཐོན་ཁུངས་བེད་སྤྱོད་ཡག་པོ་ཐུབ་མེད།
2012ལོར་ཀྲུང་གོའི་རྡོ་ཆེན་ཨེ་ཅིབ་ཤེལ་གྱི་ཚི་སྣ་མ་རྐང་ཚད་ཡོད་ཀུང་སི(རྡོ་ཆེན་ཨེ་ཅིབ)ཨེ་ཅིབ་ཀྱི་སུའུ་དབྱི་ཧྲིར་བཙུགས་པ་རེད། ཧུང་ཧའེ་མཚོ་འགྲམ་དུ་གནས་པའི་རྡོ་ཆེན་ཨེ་ཅིབ་ཀྱིས་ཨེ་ཅིབ་ཀྱི་ཤེལ་གྱི་ཚི་སྣའི་ལས་རིགས་མེད་པ་ནས་ཡོད་པར་གྱུར་བར་བྱས་ཏེ། ས་གནས་དེ་གའི་གཏེར་ཁ་དང་ཐུམ་སྒྲིལ་རྒྱུ་ཆ་སོགས་གོང་འོག་ཐོན་ལས་འཁོར་སྦྲེལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ནུས་ལྡན་བྱས་ནས། ཨེ་ཅིབ་ཀྱི་བཟོ་སྐྲུན་ལས་རིགས་རིམ་སྤོར་ཡོང་བར་རོགས་རམ་དང་དུས་མཚུངས་ཤེས་ལྡན་པ་འབོར་ཆེན་ཡང་གསོ་སྐྱོང་བྱས་ཡོད། ད་ཆ་རི་བོ་ཆུང་ཆུང་མང་པོ་ཞིག་དང་འདྲ་བའི་རྡོའི་རྒྱུ་ཆ་རྡོ་ཆེན་ཨེ་ཅིབ་བརྒྱུད་དཀར་གཙང་དར་སྐུད་དང་། མཁྲེགས་པོ་ངར་ལྕགས། ཡང་པོ་ཤོག་བུ་བཅས་དང་འདྲ་བའི་ཤེལ་གྱི་ཚི་སྣར་གྱུར་ཏེ་ཨེ་ཅིབ་ཀྱི་གྲུ་ཁ་བརྒྱུད་འཛམ་གླིང་ས་ཕྱོགས་གང་སར་དབོར་གྱི་ཡོད། ཨེ་ཅིབ་ཀྱི་རྡོ་ཆེན་ཤེལ་གྱི་ཚི་སྣའི་རྟེན་གཞིའི་ལོ་རེའི་ཐོན་ནུས་ཏུན་ཁྲི་34ཟིན་ནས་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོའི་ཤེལ་གྱི་ཚི་སྣའི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་པ་དང་ཨེ་ཅིབ་འདི་ཉིད་འཛམ་གླིང་ཐོག་གི་ཤེལ་གྱི་ཚི་སྣ་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་གྲས་བཞི་པར་གྱུར་ཡོད།
ལོ་བཅུ་ལྷག་ཙམ་རིང་ས་གནས་དེ་གའི་ལས་བཟོ་འཚར་ལོངས་བྱུང་བ་དང་ཨེ་ཅིབ་ཀྱི་རྡོ་ཆེན་གྱི་བྱ་གཞག་འཕེལ་རྒྱས་བྱུང་ཡོད། ཨེ་ཅིབ་ཀྱི་གཞོན་ནུ་སུའུ་ལའེ་མན་2012ལོར་སློབ་ཆེན་ཐོན་རྗེས་རྡོ་ཆེན་ཨེ་ཅིབ་ཏུ་ལས་ཀར་བསྐྱོད་པ་དང་། འཁོར་ཁང་གི་བཟོ་རྩལ་པ་ནས་འགོ་བཙུགས་ཏེ་དཀའ་སྤྱད་འབད་བརྩོན་གྱིས་ལས་ལ་གཞོལ་བས། ཀུང་སི་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཆབས་ཅིག་རང་ཉིད་ལ་ཡང་ཡར་རྒྱས་ཆེན་པོ་བྱུང་ནས་ད་ཆ་རྡོ་ཆེན་ཨེ་ཅིབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པར་གྱུར་ཡོད། དེ་སྔོན་ཀྲུང་གོའི་རྡོ་ཆེན་སྤྱི་ཁྱབ་པུའུ་རུ་གསོ་སྦྱོང་དང་སྤེལ་རེས་ཐེངས་མང་བྱེད་མྱོང་བའི་སུའུ་ལའེ་མན་གྱིས“དེ་ནི་གཉིས་ཕན་མཉམ་ལས་ཤིག་རེད”ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨེ་ཅིབ་ཏུ་འཛུགས་སྐྲུན་བྱེད་པར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཟོག་འགྲེམས་པུའི་ཅིང་ལི་གཞོན་པ་ཏེ་ནཱ་ལོ་བཅུའི་རིང་རྡོ་ཆེན་ཨེ་ཅིབ་དང་མཉམ་དུ་འབད་འཐབ་ཀྱི་ཁྲོད་དུ་འཚར་ལོངས་བྱུང་བ་དང་། ཁོང་དང་བཟའ་ཟླ་ཨ་པུའུ་ཏུའུ་ལཱ་ཡང་ཀུང་སི་དེ་ནས་ངོ་ཤེས་ཏེ་འཇིག་རྟེན་མཐུན་འཇུག་གི་ལམ་དུ་ཆས་པ་ཞིག་རེད།
ཀྲུང་གོ་དང་ཨེ་ཅིབ་མཉམ་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་ངོས་ནས། རྡོ་ཆེན་ཨེ་ཅིབ་ཀྱིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཐད་ཀར་ལས་གནས་2000ལྷག་ཙམ་མཁོ་འདོན་བྱས་པ་དང་རིམ་རྩིས་བྱས་ན་ས་གནས་དེ་གར་ཨ་སྒོར་ཁྲི་4000ལྷག་ཙམ་གྱི་ཁྲལ་བསྡུའི་ཡོང་འབབ་དང་ཨ་སྒོར་དུང་ཕྱུར་10ལྷག་ཙམ་གྱི་ཕྱི་དངུལ་ཡོང་འབབ་བཏོད་ཡོད། ད་ཆ་རྡོ་ཆེན་ཨེ་ཅིབ་ནི་སུའུ་དབྱི་ཧྲི་མིས་བཟོས་གཙང་པོའི་དཔལ་འབྱོར་ཁུལ་གྱི་སྣེ་འདྲེན་ཁེ་ལས་ཤིག་རེད་ལ་ཀྲུང་གོས་ད་བར་ཨེ་ཅིབ་ཀྱི་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ལ་མ་འཇོག་བྱེད་མང་ཤོས་ཀྱི་རྣམ་གྲངས་ཤིག་ཀྱང་རེད།