དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁེན་ནི་ཡའི་གཞོན་ནུ་ཏ་ཝེ་ཡི་གློག་རླངས་ལག་རྩལ་ཆེ་མོ་བ་ཞིག་བྱེད་པའི་བསམ་འདུན་གྲུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧན་ཤུན།   |     སྤེལ་དུས།  2023-09-04

    འདི་ནི་ཏ་ཝེ་ཡིས་ཁེན་ནི་ཡའི་མཱ་ཁྲ་ཁོ་སི་ཅུན་ཁུང་ཀྲ་གློག་སྒྱུར་ས་ཚིགས་སུ་སྐོར་གཡེང་བྱེད་བཞིན་པ།

    འདི་ནི་ཁེན་ནི་ཡའི་མཱ་ཁྲ་ཁོ་སི་ཅུན་ཁུང་ཀྲ་གློག་སྒྱུར་ས་ཚིགས་སུ་ཏ་ཝེ་ཡིས(གཡོན)བཟོ་པ་དང་ལས་ཀའི་སྐོར་གླེང་བཞིན་པ།

    འདི་ནི་ཁེན་ཉི་ཡའི་མཱ་ཁྲ་ཁོ་སི་ཅུན་དུ་ཏ་ཝེ(གཡས)ཡིས་སྒར་སར་ལས་རོགས་དང་ལས་ཀའི་སྐོར་གྲོས་བྱེད་པ།

    འདི་ནི་ཏ་ཝེ་ཡིས་ཁེན་ནི་ཡའི་མཱ་ཁྲ་ཁོ་སི་ཅུན་ཁུང་ཀྲ་གློག་སྒྱུར་ས་ཚིགས་སུ་ལས་ཀ་བྱེད་བཞིན་པ།

    འདི་ནི་2014ལོར་ཏ་ཝེ་ཡིས་ཀྲུང་གོའི་ཤིས་ཨན་ཁྲང་ཨན་སློབ་ཆེན་དུ་བརྒྱབ་པའི་སློབ་ཐོན་པར་ཡིན་པ།

    ཁེན་ནི་ཡའི་གཞོན་ནུ་ཏ་ཝེ་ཀྲུང་གོ་ནས་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ཅིང་། ཀྲུང་ཁེན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གློག་རླངས་ལག་རྩལ་ཆེ་མོ་བར་གྱུར་ཡོད། འདི་ལོ་ལོ་32ལ་སླེབས་པའི་ཏ་ཝེ·མཱ་དབྱི་ནཱ·ཁཱ་མོ་ལེ་ནི་ཁེན་ནི་ཡའི་མཱ་ཁྲ་ཁོ་སིའི་ཅུན་ཁུང་ཀྲ་གློག་སྒྱུར་ས་ཚིགས་ཀྱི་གློག་རླངས་ལག་རྩལ་ཆེ་མོ་བ་ཞིག་རེད། 2009ལོ་ནས་2014ལོ་བར་ཏ་ཝེ་ཡིས་ཀྲུང་གོར་རྒྱ་ཡིག་དང་གློག་རླངས་བཟོ་སྐྲུན་དང་དེ་བཞིན་རང་འགུལ་ཅན་གྱི་ཆེད་ལས་སྦྱངས་པ་དང་། སློབ་གྲྭ་ཐོན་རྗེས་ཁེན་ནི་ཡར་ལོག་ནས་གློག་ཤུགས་ཀྱི་ལས་ཀ་བྱས། 2022ལོར་ཁུང་ཀྲ་གློག་སྒྱུར་ས་ཚིགས་སྐྲུན་པའི་འགག་རྩའི་སྐབས་སུ་ཏ་ཝེ་ཡིས་ལས་མིའི་མིང་ཐོ་བཀོད་པས་མཐར་གློག་སྒྱུར་ས་ཚིགས་ཀྱི་བཟོ་པར་གྱུར་པ་མ་ཟད། མཐོ་གནོན་གློག་གི་ལས་ཀ་བྱེད་པའི་གོ་སྐབས་དང་པོ་ཐོབ།

    ཏ་ཝེ་ལས་ཀ་བྱེད་སའི་ཁུང་ཀྲ་གློག་སྒྱུར་ས་ཚིགས་ནི་ཀྲུང་ཁེན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཙོ་གནད་རྣམ་གྲངས་ཁེན་ནི་ཡའི་གློག་ཤུགས་ཕྱིར་གཏོང་རྒྱས་སྐྲུན་རྣམ་གྲངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། ཁེན་ནི་ཡའི་2030ལོའི་ཕུགས་ཀྱི་འཆར་འགོད་ཀྱི་རྣམ་གྲངས་ཨ་མ་ཁུང་ཀྲ་ཚན་རྩལ་གྲོང་གི་ལེ་ལག་སྒྲིག་བཀོད་གལ་ཆེན་ཡང་རེད། རྒྱ་ཁྱོན་སྤྱི་ཆིངས་11དང་ཆན་ཧྥུའུ་400ཡོད་པའི་གློག་སྒྱུར་ས་ཚིགས་དེ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་དང་བསྐྲུན་རྗེས་ཁུང་ཀྲ་ཚན་རྩལ་གྲོང་ལ་གློག་གཏོང་ཐུབ་ནས་མཐའ་འཁོར་གྲོང་མིའི་གློག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།

    ཏ་ཝེ་ཡིས་ལས་ཀ་རག་པ་དང་ཕ་ཡུལ་འཛུགས་སྐྲུན་ནང་ཞུགས་ཐུབ་པས་སེམས་ཧ་ཅང་སྐྱིད་པོ་འདུག སླད་ཕྱིན་ལས་ཀ་ཧུར་ཐག་བྱས་ནས་ཕ་ཡུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།