ཞབས་ཞུའི་ཚོང་དོན་སྤེལ་རེས་འདུ་ཚོགས་འགོ་ཚུགས་ནས“ལྗང་མདོག་ཐཱན་ཉུང”གི་ཕན་པ་ཉམས་སུ་མྱོང་བ།
2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་སྤེལ་རེས་འདུ་ཚོགས་པེ་ཅིང་དུ་འཚོགས་པ་དང་། ད་རེས་ཀྱི་ཞབས་ཞུའི་ཚོང་དོན་སྤེལ་རེས་འདུ་ཚོགས་ཀྱིས“ལྗང་མདོག་ཐཱན་ཉུང”གི་བརྗོད་དོན་གཙོ་བོར་དམིགས་ནས་ཁོར་ཡུག་ཞབས་ཞུའི་ཆེད་དོན་བརྗོད་གཞིར་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་མང་པོ་འཛོམས་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་ཞབས་ཞུའི་ཁྱབ་ཁོངས་ཀྱི་གྲུབ་འབྲས་གསར་ཤོས་དང་སྤྱོད་གོ་ཆོད་པའི་ལག་རྩལ་གཅིག་སྡུད་ཐོག་བསྟན་ཞིང་། འདི་ནི་རྒྱལ་ཁབ་ལུས་རྩལ་ཁང་དུ་འཚོགས་པའི་ཞབས་ཞུའི་ཚོང་དོན་སྤེལ་རེས་འདུ་ཚོགས་ཀྱི་ཁོར་ཡུག་ཞབས་ཞུའི་ཆེད་དོན་འགྲེམས་སྟོན་ལ་སྐུ་མགྲོན་དང་ཚོང་པ་ཞིག་གིས་ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་འགྲེམས་གནས་ཀྱི་སྨྱུག་སྒོར་མདོང་ལམ་འགྲམ་དུ་ཆ་འཕྲིན་ཤེས་རྟོགས་བྱེད་པའི་གནས་ཚུལ་ཡིན་པ།