དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱི་བཟོ་བཀོད་པ་ཐན་ཙན་ནི་ཡ་བ་ཁེར་ཝུན་གྱིས་ཀྲུང་གོའི་ལས་རོགས་དང་མཉམ་དུ་ཕ་ཡུལ་གྱི་འཐུང་ཆུའི་དཀའ་གནད་བསལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཀོན་སེན།   |     སྤེལ་དུས།  2023-09-03

    འདི་ནི་ཐན་ཙན་ནི་ཡ་མུ་དབན་ཀྲ་ཞིང་ཆེན་གྱི་རྣམ་གྲངས་བསྐྲུན་ཡུལ་ཞིག་ཏུ་ཁེར་ཝུན(གཡོན་གྱི་གཉིས་པ)གྱིས་ས་གནས་དེ་གའི་གྲོང་མིའི་ས་ནས་ཆུ་སྤྱོད་པའི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    འདི་ནི་ཁེར་ཝུན(གཡོན)གྱིས་ལས་རོགས་དང་མཉམ་དུ་པུ་སི་ཝེ་ལུ་རུ་ཆུ་མཁོ་འདོན་རྣམ་གྲངས་ཀྱི་ཆུ་གསོག་རྫིང་བུར་བརྟག་དཔྱད་བྱེད་བཞིན་པ།

    འདི་ནི་ཁེར་ཝུན(གཡོན་གྱི་གཉིས་པ)གྱིས་ལས་རོགས་དང་མཉམ་དུ་ཆུ་འདྲེན་མདོང་ལམ་བཏིང་རྗེས་ས་གནས་དེ་གའི་གྲོང་མིའི་དགའ་བསུ་ཐོབ་པའི་གནས་ཚུལ་ཡིན་པ།

    མུ་དབན་ཀྲ་ཞིང་ཆེན་གྱི་ཆུ་འདྲེན་ལས་གྲྭ་བསྐྲུན་མེད་པའི་ས་ཁོངས་སུ་གྲོང་མི་ཁག་གཅིག་གིས་སྔར་བཞིན་མཚོ་འགྲམ་དུ་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད་ཅིང་། འདི་ནི་གྲོང་མིས་ཐན་ཙན་ནི་ཡ་མུ་དབན་ཀྲ་ཞིང་ཆེན་ཝི་ཐོ་ལི་ཡའི་མཚོ་འགྲམ་ནས་ཆུ་བླངས་ནས་ལོག་འགྲོ་བཞིན་པ།

    འདི་ནི་ཁེར་ཝུན་དང་ལས་རོགས་ཀྱིས་མུ་དབན་ཀྲ་ཞིང་ཆེན་གྱི་པུ་སི་ཝེ་ལུ་རུ་ཆུ་མཁོ་འདོན་རྣམ་གྲངས་ཀྱི་ཆུ་གསོག་རྫིང་བུར་བརྟག་དཔྱད་བྱེད་བཞིན་པ།

    འདི་ནི་ཁེར་ཝུན(གཡས)གྱིས་མུ་དབན་ཀྲ་ཞིང་ཆེན་གྱི་ཆི་སའེ་ཁའེ་རུ་ཡོད་པའི་ཆུ་མཁོ་འདོན་རྣམ་གྲངས་ཀྱི་ཆུ་འཐེན་ས་ཚིགས་སུ་ཆུ་འཐེན་ལས་ཀའི་གནས་ཚུལ་ཐོ་འགོད་བཞིན་པ།

    འདི་ནི་མུ་དབན་ཀྲ་ཞིང་ཆེན་ལཱ་མ་ཏིའི་ཆུ་མཁོ་འདོན་རྣམ་གྲངས་ཀྱི་ཆུ་འཐེན་ས་ཚིགས་ཡིན་པ།

     འདི་ནི་མུ་དབན་ཀྲ་ཞིང་ཆེན་ས་ཧ་ཡི་ཆུ་མཁོ་འདོན་རྣམ་གྲངས་ཀྱི་ཆུ་འདྲེན་མདོང་ལམ་ཡིན་པ།

    མུ་དབན་ཀྲ་ཞིང་ཆེན་ནི་ཐན་ཙན་ནི་ཡའི་ནུབ་བྱང་རྒྱུད་དུ་གནས་པ་དང་ཨ་ཧྥེ་རི་ཁའི་ཚྭ་མེད་མཚོ་ཆེ་ཤོས་དང་འཛམ་གླིང་གི་ཚྭ་མེད་མཚོ་ཆེ་གྲས་ཨང་གཉིས་པ་ཝི་ཐོ་ལི་ཡ་མཚོའི་ལྷོ་ཕྱོགས་ཀྱི་ངོགས་སུ་གནས་ཡོད། འོན་ཀྱང་ཆུ་འདྲེན་བྱེད་དང་གཙང་བཟོའི་སྒྲིག་ཆས་དཀོན་པས་མཚོ་རྒྱུད་ཀྱི་གྲོང་མིའི་འཐུང་ཆུ་འགན་ལེན་བྱེད་དཀའ་བ་དང་བདེ་ཐང་གི་གནད་དོན་ཡང་ཡང་ཐོན་གྱི་ཡོད། མཚོ་དང་བར་ཐག་ཅུང་རིང་བའི་གྲོང་མིས་ས་ཐག་རིང་པོར་ཆུ་ལེན་པར་འགྲོ་དགོས་པ་མ་ཟད། ཆུ་ཉོ་བའི་མ་གནས་ཧ་ཅང་མཐོ་པོ་ཡོད།

    ཐན་ཙན་ནི་ཡ་མུ་དབན་ཀྲ་ཝེ་ཤིང་གྲོང་གི་ཆུ་མཁོ་འདོན་རྣམ་གྲངས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་འོག་གི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་ཞིང་། དེས་རྣམ་གྲངས་བསྐྲུན་ཡུལ་གྱི་གྲོང་མིའི་ཆུ་སྤྱོད་པའི་གནད་དོན་ཞི་ལྷོད་དུ་བཏང་བ་དང་ཆབས་ཅིག ས་གནས་དེ་གའི་མང་ཚོགས་ལ་ལས་ཐོག་སྦྱོང་བརྡར་དང་ལས་ཞུགས་ཀྱི་གོ་སྐབས་སྤྲད་ཡོད།

    ཁེར་ཝུན་ནི་མུ་དབན་ཀྲ་ཞིང་ཆེན་དུ་སྐྱེས་པ་དང་སློབ་མཐར་ཐོན་རྗེས་ཁོང་གིས་ཀྲུང་གོ་ཨར་ལས་ཨ་ཧྥེ་རི་ཁ་ཤར་མའི་ཚད་ཡོད་ཀུང་སིའི་སྤུས་ཚད་ཞིབ་བཤེར་གྱི་བཟོ་བཀོད་པ་བྱས། 2017ལོའི་ཟླ་5པར་མུ་དབན་ཀྲ་ཝེ་ཤིང་གྲོང་གི་ཆུ་མཁོ་འདོན་རྣམ་གྲངས་ལག་ལེན་བསྟར་རྗེས། ཁེར་ཝུན་ཕ་ཡུལ་དུ་ལོག་ནས་ཀྲུང་གོའི་ལས་རོགས་དང་མཉམ་དུ་ཕ་ཡུལ་གྱི་འཐུང་ཆུའི་དཀའ་གནད་སེལ་བའི་ལས་ལ་གཞོལ་ཞིང་། ཁེར་ཝུན་གྱི་ལས་ཀ་ནི་ཆུ་མཁོ་འདོན་རྣམ་གྲངས་ཀྱི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད། “ངས་རྒྱུ་ཆ་དང་འཕྲུལ་འཁོར་གྱི་ལྷུ་ལག་ལ་ཞིབ་བཤེར་བྱེད་པའི་ལས་ཀ་ཚང་མར་ཞུགས་པ་ཡིན། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་སྤུས་ཚད་ཞིབ་བཤེར་ལ་དམ་འཛིན་བྱེད་དགོས”ཞེས་ཁེར་ཝུན་གྱིས་བཤད།

    2019ལོའི་ཟླ་11པར་ཆུ་མཁོ་འདོན་བྱེད་འགོ་ཚུགས་ཚུན། ཝེ་ཤིང་གྲོང་གི་ཆུ་མཁོ་འདོན་རྣམ་གྲངས་ཀྱིས་ས་གནས་དེ་གའི་གྲོང་མི་ཁྲི་15ཙམ་གྱི་ཆུ་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཆུ་སྤྱོད་པའི་མ་གནས་ཀྱང་དེ་སྔའི་1/5བར་ཆག་ཡོད།

    ཕ་ཡུལ་གྱི་ཆུ་སྤྱོད་པའི་གནད་དོན་ཐག་གཅོད་ཐུབ་པས། ཁེར་ཝུན་དགའ་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས“ཀྲུང་གོའི་ལས་རོགས་ཚོས་རོགས་རམ་ཤུགས་ཆེན་བྱས་པ་ལས་ངའི་ཕ་ཡུལ་གྱི་འཚོ་བ་ལེགས་སུ་ཕྱིན་པ་དང་ངའི་མཐོང་རྒྱ་ཡང་ཆེ་རུ་ཕྱིན་སོང་། སླད་ཕྱིན་ངས་མུ་མཐུད་དེའི་ཐད་གཞོལ་ནས་གྲོང་མི་དེ་བས་མང་བའི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།