དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ངལ་བ་ཁྱད་དུ་བསད། དཔའ་རྩལ་ཡོངས་སུ་རྒྱས།

    —— ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་2023ལོའི་ཕྱི་རོལ་སྦྱོང་བརྡར་གྱི་ལས་འགན་ལེགས་སྒྲུབ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་མེ་གསོད་རུ་མི་རྣམས་ཕྱི་རོལ་སྦྱོང་བརྡར་ལ་ཧུར་ཐག་ཞུགས་བཞིན་པ།

    འདི་ནི་མེ་གསོད་རུ་མིས་ཆུ་བོ་བརྒལ་ནས་ཉེན་གྱར་མི་སྣ་སྐྱོབ་ཐབས་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་མེ་གསོད་རུ་མིས་ཆུ་མདའ་རྒྱག་སྟངས་སྦྱངས་ནས་དངོས་འཐབ་སྦྱོང་བརྡར་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བཞིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ས་ཡོམ་རོགས་སྐྱོབ་ཀྱི་དངོས་འཐབ་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་མེ་གསོད་རུ་མིས་བླང་བྱ་ལྟར་གློག་གི་སོག་ལེ་སྤྱོད་སྟངས་སྦྱོང་བཞིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཆུ་སྦུག་མི་གཅིག་གིས་བཀྲམ་བསྡུ་བྱེད་སྟངས་སྦྱོང་བཞིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ཆུ་ཁོངས་རོགས་སྐྱོབ་ཀྱི་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་2023ལོའི་ཕྱི་རོལ་སྦྱོང་བརྡར་ཕྱོགས་སྡོམ་ཚོགས་ཆེན་འཚོགས་ནས་ཧེ་བག་འཚོལ་བ་དང་ཞན་ཆ་སེལ་བཞིན་པ།

    ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་མེ་གསོད་རུ་མིས་2023ལོའི་ཕྱི་རོལ་སྦྱོང་བརྡར་གྱི་ལས་འགན་ལེཌ་སྒྲུབ་བྱས་ཤིང་། བཅའ་སྡོད་བྱ་ཡུལ་དུ་ལོག་རྗེས། ཁོ་ཚོས་ཕྱི་རོལ་དུ་སྦྱོང་བརྡར་བྱེད་རིང་བསགས་པའི་རྩ་ཆེའི་ཉམས་མྱོང་དང་སྦྱངས་པའི་རྩལ་ནུས་ལ་བརྟེན་ནས། ཆབ་མདོ་གྲོང་ཁྱེར་གྱི་མི་དམངས་མང་ཚོཌ་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་རེད།

    ཕྱི་རོལ་སྦྱོང་བརྡར་སྐོར་ལ་ཕྱིར་དྲན་བྱེད་སྐབས། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་དུས་ཚིགས་ཀྱི་གནོད་འཚེའི་ཁྱད་ཆོས་ལ་དམིགས་ཏེ། དངོས་འཐབ་ཅན་གྱི་སྦྱོང་བརྡར་འདུ་ཤེས་ཟབ་ཏུ་བཏང་ནས་མེ་གསོད་དང་། རི་ཁུལ། ཆུ་ཁོངས། ས་ཡོམ་སོགས་ཀྱི་རོགས་སྐྱོབ་རྣམ་གྲངས་ལ་དམ་པོར་དམིགས་ཏེ་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས་ནས། དོན་དངོས་ཀྱི་རོགས་སྐྱོབ་ལས་འགན་ཁྲོད་ཀྱི་མེ་གསོད་རུ་མིའི་ཁ་གཏད་གཅོག་ནུས་དང་རྩལ་ནུས་ཆེ་རུ་བཏང་བ་རེད།

    སྦྱོང་བརྡར་བྱེད་རིང་། མེ་གསོད་རུ་མིས་ས་བབ་མཐོ་བ་དང་། རི་མཐོ་གཡང་གཟར། གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་ཁོར་ཡུག་གི་ཆ་རྐྱེན་ཞན་པོའི་འོག ཞུམ་མེད་ཀྱི་སྙིང་རུས་དང་འགན་འཁུར་ཕོད་པའི་རང་གཤིས་མངོན་པར་བྱས་ཡོད། ཁོང་ཚོས་དྲོད་ཚད་མཐོ་ལ་ཚ་བ་ཆེ་བའི་སྐབས། རྩལ་ནུས་སྦྱོང་བརྡར་དུས་ཡུན་རིང་པོ་བྱས་ནས་འཐབ་རྩལ་ཡག་ཏུ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། རང་ངོས་ཀྱི་བློ་སྟོབས་ལ་ཞུན་བརྡར་བྱེད་པ། གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཛ་དྲག་རོགས་སྐྱོབ་ལས་འགན་ཁྲོད་ཀྱི་དཀའ་ཚེགས་ཆེ་བའི་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་བཅག་པ་རེད།

    སྦྱོང་བརྡར་བྱ་ཡུལ་ནས་བཅའ་སྡོད་བྱ་ཡུལ་ཕྱོགས་སུ་རླངས་འཁོར་དལ་བུར་རྡོག་ཐོན་བྱེད་འགོ་ཚུགས་པ་དང་བསྟུན་ནས། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་ཚན་པ་ཁག་གིས་དཀའ་བ་དུ་མ་ཁྱད་དུ་བསད་མྱོང་བའི་ས་གཞི་འདི་ནས་ཐོན་ཏེ་རང་རང་སོ་སོའི་འགོག་སྲུང་ཁུལ་དུ་ལོག་པ་རེད། མེ་གསོད་རུ་མི་ཚོས་ཕྱི་རོལ་སྦྱོང་བརྡར་བྱེད་རིང་ཐོབ་པའི་ཤེས་བྱ་དང་བསགས་པའི་ཉམས་མྱོང་རྒྱུན་འཛིན་བྱེད་པ་དང་འབྲེལ། རང་ངོས་ཀྱི་བྱང་ཚད་དང་ཆེད་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག འཕྲལ་སྡོམ་རོགས་སྐྱོབ་ལས་དོན་དེ་བས་ཡག་པོ་བསྒྲུབས་ནས་དེ་བས་ཆེ་བའི་བློ་སྟོབས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས། ཆབ་མདོ་གྲོང་ཁྱེར་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།