དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་གིས་བརྗོད་དོན།

    ཝེ་ཐེ་ནམ་གྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ལས་དོན་ཨང་དང་པོར་བརྩི་གི་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-01

    ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་གིས་ཉིན་ཤས་གོང་ཝེ་ཐེ་ནམ་ལེང་ཧྲན་ཞིང་ཆེན་ཝེ་ཐེ་ནམ་དང་ཀྲུང་གོའི་མཐའ་མཚམས་མཛའ་གྲོགས་ཀྱི་འགག་སྒོར་ལྟ་ཞིབ་གནང་བ་དང་ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུང་པོ་གདན་ཞུས་ལྟར་ལྟ་ཞིབ་ལ་ཕེབས་པ་རེད།

    ཚེས་25ཉིན་གྱི་ལྟ་ཞིབ་ནང་། རོན་ཕུའུ་ཀྲུང་གིས་འགག་སྒོའི་ལས་དོན་གྱི་སྙན་སེང་ཉན་རྗེས་འཛམ་གླིང་ཐོག་ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གྲོགས་དང་མཛའ་གྲོགས་ཀྱི་འགག་སྒོ་གཉིས་ཀར“མཛའ་གྲོགས”ཞེས་མིང་བཏགས་པ་དེ་ཐོག་ནས་ཝེ་ཐེ་ནམ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས“བློ་མཐུན་དང་སྤུན་ཟླ་གཉིས་ཀ་ཡིན་པའི”དམིགས་བསལ་གྱི་སྲོལ་རྒྱུན་མཛའ་གྲོགས་མཚོན་ཡོད། ལེང་ཧྲན་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་། འགག་སྒོའི་འགན་ནུས་སྡེ་ཚན་བཅས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ས་གནས་ཀྱི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་། མཉམ་ལས། འཕེལ་རྒྱས་བཅས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་མ་ཟད། ཀྲུང་གོ་ཕྱོགས་དང་མུ་མཐུད་གཞོགས་འདེགས་དམ་ཟབ་བྱས་ཏེ་ཞི་བདེ་དང་། མཛའ་གྲོགས། བརྟན་ལྷིང་། མཉམ་ལས། འཕེལ་རྒྱས་བཅས་ཀྱི་མཐའ་མཚམས་ས་ཁུལ་མཉམ་དུ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

    རོན་ཕུའུ་ཀྲུང་གིས་ཝེ་ཐེ་ནམ་གྱིས་སྔ་ཕྱི་བར་གསུམ་དུ་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་དང་འཕེལ་རྒྱས་གཏོང་རྒྱུ་དེ་ལས་དོན་ཨང་དང་པོར་བརྩི་གི་ཡོད། ན་ནིང་ང་ཀྲུང་གོར་འཚམས་འདྲི་བྱེད་སྐབས་ཀྲུང་གོའི་ཏང་དང་མི་དམངས་ཀྱིས་སྤྲོ་སེམས་ཆེ་ལ་མཛའ་གྲོགས་ཟབ་མོས་སྣེ་ལེན་ཞུས་ནས་བག་ཆགས་ཟབ་མོ་བཞག་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་ཝེ་ཐེ་ནམ་ལ་འཚམས་འདྲི་གནང་བར་ཕེབས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཞུང་པོ་ཡིས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྲོལ་རྒྱུན་མཛའ་གྲོགས་ནི་མའོ་ཙེ་ཏུང་དང་ཧུའུ་ཀྲི་མིང་སོགས་འགོ་ཁྲིད་རྒན་རབས་ཚོས་ང་ཚོར་བཞག་པའི་རྩ་ཆེའི་རྒྱུ་ནོར་ཞིག་རེད། ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱིས་ཁ་སྒྱུར་ཕྱོགས་སྟོན་གནང་བས། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་མཐོ་ཚད་གསར་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་དེ་མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།