དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རིག་ནུས་གསོར་འབིགས་རྩད་ཞིབ་ཀྱི་སྒྲིག་ཆས་ཕྱི་རྒྱལ་ལ་འཚོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-09-01

    ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་རེན་ཙེ་ཆུས་སུ་ཡོད་པའི་ཧོ་པེ་ཡུང་མིང་ས་གཤིས་ལས་གྲྭ་འཕྲུལ་ཆས་ཚད་ཡོད་ཀུང་སི་ནི་གསོར་འབིགས་རྩད་ཞིབ་ཀྱི་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་རིམ་པའི་ཆེད་ལེགས་ཁྱད་གསར་གྱི་ཁེ་ལས་ཕུལ་བྱུང་ཞིག་ཡིན་པ་དང་། གསོར་འབིགས་རྩད་ཞིབ་ཀྱི་སྒྲིག་ཆས་ཁྱབ་ཁོངས་ཀྱི་རིག་ནུས་བཟོ་སྐྲུན་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་རྟེན་གཞི་གཏོད་རྒྱུར་གཞོལ་བཞིན་ཡོད། དེས་རང་རྟེན་ངང་ཞིབ་འཇུག་གསར་སྤེལ་བྱས་པའི་གློག་སྒུལ་ཐད་སྒུལ་གྱི་མུ་འབྲེལ་ཐོན་རྫས་སོགས་ཀྱི་ཆུ་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་། རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་འཚོང་གི་ཡོད། འདི་ནི་2023ལོའི་ཟླ་8ཚེས་27ཉིན་ཧོ་པེ་ཡུང་མིང་ས་གཤིས་ལས་གྲྭ་འཕྲུལ་ཆས་ཚད་ཡོད་ཀུང་སིའི་བཟོ་པས་གསོར་འབིགས་འདམ་འཐེན་འཕྲུལ་ཆས་སྒྲིག་སྦྱོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།