ཀྲུང་ཡོའི(ཀྲུང་གོ་དང་ཨེ་ཤེ་ཡ)དུས་གཏན་མེ་འཁོར“ཅིང་ཀྲང་རྟགས་ཅན”གཏོང་འགོ་ཚུགས་པ།
“ཅིང་ཀྲང་རྟགས་ཅན”ནི་ཀྲང་ཅ་ཁོའུ་ནས་གཏོང་འགོ་ཚུགས་པའི་ཀྲུང་ཡོའི(ཀྲུང་གོ་དང་ཨེ་ཤེ་ཡ)དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་པ་དང་། དེའི་ནང་རླངས་འཁོར་གྱི་ལྷུ་ལག་དང་། ཁྱིམ་སྤྱོད་གློག་ཆས། འཁེལ་འཐག་ཐོན་རྫས་སོགས་དངོས་ཟོག(ས་གནས་དེ་གའི་དངོས་ཟོག་གི་གྲས་སུ་ཧ་ཡང་གི་རྒྱུ་ཆ་དང་། རླངས་འཁོར་དང་རྐང་འཁོར་གྱི་ལྷུ་ལག གཡོས་འཁོར་སོགས་ཚུད་ཡོད)བྱུར་བུར་བླུགས་ནས་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ་ཐོན་པ་རེད། འདི་ནི་ཟླ་8ཚེས་29ཉིན་དབྱིན་ཁྲེ་40ཟིན་པའི་ཕྱིར་གཏོང་དངོས་ཟོག་དོས་སྒམ་54བླུགས་པའི་ཀྲུང་ཡོའི(ཀྲུང་གོ་དང་ཨེ་ཤེ་ཡ)དུས་གཏན་མེ་འཁོར“ཅིང་ཀྲང་རྟགས་ཅན”ཀྲུང་གོ་ལྕགས་ལམ་པེ་ཅིང་ཅུས་གཤམ་འོག་གི་མེ་ཏོག་ལྡུམ་རའི་ལྕགས་ལམ་ཟོག་འདྲེན་ལྟེ་གནས་ཁུལ་ནས་ཐོན་བཞིན་པ།