དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཟླ་8ཚེས་28ཉིན་ནས་བཟུང་འདམ་གཞུང་རྫོང་སེར་ལྟེ་གྲོང་ཚོའི་དུད་ཚང་196གི་གྲོང་མི་951ཁག་གསུམ་ལ་བགོས་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི“སྡོད་ཁང་གསར་པར”སྤོས་པ།

    འབྲོག་པ་གྲོང་མིར་གྱུར་ནས་གྲོང་ཁྱེར་གྱི་འཚོ་བ་སྐྱེལ་འགོ་ཚུགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    ཟླ་8ཚེས་28ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོར་སྒྲོག་ཙེ་དང་ཉལ་ཁྲི་སོགས་ཁྱིམ་ཆས་སྣ་ཚོགས་བླུགས་པའི་ཟོག་འདྲེན་རླངས་འཁོར་རེ་རེ་བཞིན་གྲལ་སྟར་རིང་པོ་བསྒྲིགས་ཤིང་། ཉིན་དེར་འདམ་གཞུང་རྫོང་ས་མཐོའི་གནས་སྤོས་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གསར་འགོད་པར་ཟླ་8ཚེས་26ཉིན་ནས་ཚེས་30ཉིན་བར་འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོའི་དུད་ཚང་196གི་གྲོང་མི་951གིས་ཁྱོན་ཡོངས་གནས་སྤོ་དང་ཁག་བགོས་ལག་བསྟར་གྱི་རྩ་དོན་ལྟར་འདམ་གཞུང་རྫོང་ནས་སྟོད་ལུང་བདེ་ཆེན་ཆུས་འཆམ་མཐུན་དགའ་ཚལ་གླིང་དུ་སྤོས་ཏེ་ཁོང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

    འདི་ནི་དེ་བས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཡིན་ཞིང་། འདམ་གཞུང་རྫོང་ས་མཐོའི་གནས་སྤོས་གཞུང་ལས་ཁང་གི་འགན་འཁུར་བས་འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོའི་ས་བབ་མཐོ་བའི་སྐྱེ་ཁམས་གནས་སྤོས་བཀོད་སྒྲིག་ལས་དོན་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱ་ཆེད། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་ལས་དོན་བླང་བྱ་གཞིར་བཟུང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྤྱི་འདོམས་བཀོད་སྒྲིག་ལྟར་འདམ་གཞུང་རྫོང་ས་མཐོའི་གནས་སྤོས་གཞུང་ལས་ཁང་གིས་འདམ་གཞུང་རྫོང་གནམ་མཚོ་ཤང་སེར་ལྟེ་གྲོང་ཚོའི་ས་བབ་ཧ་ཅང་མཐོ་བའི་སྐྱེ་ཁམས་གནས་སྤོས་ལག་བསྟར་ཇུས་གཞི་བཟོས་ནས་གནས་སྤོས་ལས་དོན་བཀོད་འདོམས་པུས་བཙུགས་ཏེ་གནས་སྤོ་བའི་ལམ་བར་དུ་མི་སྣ་དང་། འཁོར་རིགས། བདེ་སྲུང་། སྨན་བཅོས། བཟའ་སྡོད་སོགས་ཞིབ་ཕྲའི་ལས་དོན་འགན་ལེན་བྱས་ནས་མང་ཚོགས་ཚང་མ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཁང་པ་གསར་པར་སྡོད་ཐུབ་པར་བྱས་ཐོག་གནས་སྤོས་ལས་འགན་བདེ་བླག་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་ཞིང་། འབྲོག་པ་རྣམས་གྲོང་མི་དང་། ཕྱུགས་འཚོ་རྒྱུ་དེ་གླ་པ་རྒྱུག་པ། འབྲོག་ཁུལ་གྱི་འཚོ་བ་གྲོང་ཁྱེར་གྱི་འཚོ་བ་ལྟ་བུར་གྱུར་ཡོད།

    རང་ལྗོངས་སུ་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་འབྲོག་པའི་སྐྱེ་ཁམས་གནས་སྤོས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་འབྲོག་པ་མང་ཚོགས་ལ་སྨན་བཅོས་དང་སློབ་ཞུགས་ཀྱི་ཆ་རྐྱེན་དེ་བས་ལེགས་པ་དང་། ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ། དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བཅས་བྱ་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྐྱེ་ཁམས་གནས་སྤོས་ལས་དོན་དེ་ཁག་ཐེངས་དང་ཚོགས་ཆུང་དབྱེ་བའི་བྱ་ཐབས་དང“སྤོ་དགོས་རིགས་མཐའ་དག་སྤོ་དགོས་པའི”རྩ་དོན་གཞིར་བཟུང་ཁག་ཐེངས་3ལ་བགོས་ནས་གནས་སྤོས་ཏེ་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་བཀྲ་ཤིས་ཞི་མཐུན་གླིང་སྡེ་ཁུལ་དུ་བཅའ་སྡོད་བྱས་པ་རེད། མིག་སྔའི་བར་སེར་ལྟེ་གྲོང་ཚོའི་ཁག་དང་པོའི་གནས་སྤོས་སློབ་མ་དང་སློབ་མའི་ཁྱིམ་བདག་150དང་། དུད་ཚང་74ཡི་མི་287དང་། སེར་ལྟེ་གྲོང་ཚོའི་ཁག་གཉིས་པའི་གནས་སྤོས་དུད་ཚང་57གྱི་མི་120ཚང་མ་སྡོད་ཁང་གསར་པར་སྤོས་པ་དང་ཁག་གསུམ་པ་ནི་ཟླ་8ཚེས་30ཉིན་སྡོད་ཁང་གསར་པར་དངོས་སུ་སྤོས་པ་རེད།

    སྟོད་ལུང་བདེ་ཆེན་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ནས་བཀོད་སྒྲིག་བྱ་ཡུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་གནས་སྤོས་མང་ཚོགས་ཀྱི་སྨན་བཅོས་དང་། སློབ་ཞུགས། ལས་ཞུགས་བཅས་ཀྱི་དགོས་མཁོ་ཐག་གཅོད་བྱས་ནས་གནས་སྤོས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།