དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་རིང་མི་རིགས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་གི་ཚོང་འགྲིག་ཚད་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-01

    ཟླ་8ཚེས་23ཉིན་ནས་ཚེས་29ཉིན་བར་2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བཀྲག་མདངས་འཚེར་ཤོས་ཀྱི་རྣམ་གྲངས་མི་རིགས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ལ་ཚོང་དུད་195ཞུགས་པ་རེད།

    གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་རིང་མི་རིགས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་གི་ཚོང་འགྲིག་ཚད་སྒོར་ཁྲི་1048.8ཟིན་པའི་ནང་ནེ་པ་ལའི་ཚོང་དུད་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་309དང་། ལྗོངས་ཕྱིའི་ཚོང་དུད་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་207.4 ལྷོ་ཁ་གྲོང་ཁྱེར་གྱི་རྫོང(གྲོང་ཁྱེར་དང་ཆུས)12ཀྱི་ཚོང་དུད་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་486.3 ས་ཁུལ་དང་གྲོང་ཁྱེར་གཞན་དག་གི་ཚོང་དུད་ཀྱི་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་46བཅས་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།