མིང་ཐོ་འདིར་བོད་ཀྱི་ཤང་གྲོང་5ཚུད་འདུག ཁྱེད་ཀྱི་ཕ་ཡུལ་འདུག་གམ།
ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའི་གཞུང་དོན་ཐིང་དང་ནོར་སྲིད་པུའི་གཞུང་དོན་ཐིང་གིས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་ཁག་དང་པོའི་ངོས་འཛིན་མིང་ཐོ་ཁྱབ་བསྒྲགས་བྱས་པར། རང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བེའུ་མདའ་ཤང(འབྲི་གཡག)དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ(ནས) ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ(ཇ་ལོ) ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ(བོད་ཕག) ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང(འབྲི་གཡག)བཅས་ཤང་དང་གྲོང་རྡལ་5ཚུད་འདུག
གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མཉམ་དུ་མུ་མཐུད་ཞིང་ལས་དང་གྲོང་གསེབ་པུའུ་དང་ནོར་སྲིད་པུའི་འབྲེལ་ཡོད་བླང་བྱ་གཞིང་བཟུང་། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་རེ་ཞུ་དང་། འཛུགས་གཏོད། ངོས་འཛིན་བཅས་བྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བར་སྔར་བས་མཛུབ་ཁྲིད་བྱས་ཏེ། “ཡུལ་ཟོག”གི་རྣམ་གྲངས་ནུས་ཤུགས་ཡོད་རྒུས་ཡག་པོ་གཏོད་པར་དམིགས་ནས། གྲོང་གསེབ་ཀྱི་ཐོན་ཁུངས་དང་ཞིང་ལས་ཀྱི་བྱེད་ནུས་མང་པོ་གསར་སྤེལ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔོག་འདོན། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་ཐོན་པར་བྱེད་པ། སྣེ་ཁྲིད་བྱེད་མཁན་སྟོབས་ཆེར་གཏོང་བ་དང་། འཁོར་སྦྲེལ་ཁ་གསབ་བྱེད་པ། ལས་རྣམ་དར་སྤེལ་གཏོང་བ། སྤུས་རྟགས་གཏོད་པ། གྲོང་གསེབ་ཐོན་ལས་ཀྱི་འཁོར་སྦྲེལ་ཆ་ཚང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་འགན་འཁྲི་ནན་དུ་གཏོང་བ། དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་གྱི་དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་རེད།