དབུ་ཤོག
  • བྱེད་སྤྱོད་འདི་རིགས་བཅའ་ཁྲིམས་དེའི་ནང་བཅུག་ནས་ཉེས་ཆད་གཅོད་རྒྱུ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-08-31

    རང་རྒྱལ་གྱིས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས། སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་སྔར་བས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་རེད།

    ཚེས་28ཉིན། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད། བཟོ་བཅོས་འཆར་ཟིན་ནང་། སྤྱི་ཚོགས་བདེ་འཇགས་དོ་དམ་ཁྱབ་ཁོངས་སུ་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་བདེ་འཇགས་དོ་དམ་གྱི་ཆད་གཅོད་ཁྱབ་ཁོངས་སུ་བཅུག་ནས། བདེ་འཇགས་དོ་དམ་ལས་དོན་ཁྲོད་ཀྱི་ལམ་སྲོལ་དང་བྱེད་ཐབས་ཡག་པོ་ཁག་གཅིག་བཅའ་ཁྲིམས་ཐོག་ནས་གཏན་འཁེལ་བྱ་རྒྱུ་ཡིན་ཞིང་། བདེ་འཇགས་དོ་དམ་ཆད་གཅོད་ཀྱི་གོ་རིམ་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བའི་དམིགས་ཡུལ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་སྒྲིག་ལམ་ལ་སྔར་བས་སྲུང་སྐྱོང་ཡག་པོ་བྱ་ཆེད་ཡིན་པ་རེད།

    ད་ལྟ་ལག་ལེན་བསྟར་བཞིན་པའི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་དང་བསྡུར་ན། ད་ཐེངས་ཀྱི་བཟོ་བཅོས་འཆར་ཟིན་ལ་བཟོ་བཅོས་མང་པོ་བརྒྱབ་ནས། ཆད་པ་གཅོད་པའི་བྱེད་སྤྱོད་ཁག་གཅིག་མང་དུ་བཏང་བ་སྟེ། ཡིག་རྒྱུགས་རྐུ་བཤུ་དང་། བརྒྱུད་འཚོང་སྒྲིག་འཛུགས་དང་དེའི་འགོ་གཙོ། ལས་སྒྲུབ་བྱེད་བཞིན་པའི་སྤྱི་སྤྱོད་འགྲིམ་འགྲུལ་གྱི་ཁ་ལོ་བར་འགོག་རྐྱེན་བཟོ་བ། ལྒང་ཞུ་སྤར་ནས་གློད་པ། ཐོག་ཁ་ནས་ཅ་དངོས་དབྱུགས་པ། ཐོ་བཀོད་མེད་པའི་མི་མེད་གནམ་གྲུ་གཏོང་བ་སོགས་ཚུད་ཡོད་པ་རེད། 

    བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ནང་དུ་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་སྟེ། གཅིག་ནི་ན་སོ་དར་ལ་མ་བབས་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་ཆད་པ་ལྕི་པོ་གཅོད་རྒྱུ་གཏན་འབེབས་ཁ་གསལ་བྱས་ཡོད། གཉིས་ནི་ལོ་བཅུ་དྲུག་ལ་མ་སླེབས་པའི་བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་སྤེལ་མཁན་ལ་འདྲི་རྩད་བྱེད་སྐབས། དེའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མཁན་ཡོང་མ་ཐུབ་ཚེ། འདི་དང་འབྲེལ་བ་ཡོད་པའི་དར་མ་གཞན་དག་འབོད་ཆོག་པའི་གཏན་འབེབས་བྱས་ཡོད། གསུམ་ནི་ན་སོ་དར་ལ་མ་བབས་པའི་མིས་བདེ་འཇགས་དོ་དམ་ལས་འགལ་བའི་ཐོ་འགོད་ཉར་ཚགས་ཀྱི་ལམ་ལུགས་ཁ་སྣོན་དགོས་པའི་གཏན་འབེབས་བྱས་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།