དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཛེས་ཤིང་ལྟ་ན་སྡུག་པའི་མཚོ་སྔོན་གྱི་འདམ་རའི་མཛེས་ལྗོངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-31

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་མཐོ་གྲང་འདམ་རའི་སྤྱི་གླིང་ཐོག་མ་སྟེ། ཀླུ་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་གིས་སྐྱེ་ཁམས་བཅོས་སྐྱོང་དང་སྲུང་སྐྱོང་གི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ནས། སྔོ་ཁེབས་སྤྱི་ལེ་ངོས་གྲུ་ཁྲི་1.2སླར་གསོ་ཐུབ་སྟེ་སྲོག་ཆགས་དང་རྩི་ཤིང་གི་སྣ་ཁ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཀླུ་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་འདབ་ཆགས་ཀྱི་གནས་ཡུལ་གཙོ་བོ་དང་། ཉའི་སྤྲོ་སྐྱིད་གླིང་། ཆུ་ཐོག་དང་སྐམ་སར་འཚོ་བའི་སྲོག་ཆགས་དང་རྩི་ཤིང་རིགས་སྣ་ཚོགས་ཀྱི་རྟེན་མཛོད་ཁང་དང་མཐའ་འཁོར་མང་ཚོགས་ཀྱི་སྐྱེ་ཁམས་གླིང་བཅས་སུ་འགྱུར་ཡོད།

    ཀླུ་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་ཆུ་མིང་སྤྱི་གླིང་ལ་ཐོགས་པ་ཞིག་ཡིན་ཞིང་། ཀླུ་ཆུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཆེ་གྲས་གཉིས་པ་ཡིན་པ་དང་དེའི་ཆུ་ཁུངས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དུ་ཡོད།

    འདི་ནི་མཛེས་ཤིང་ལྟ་ན་སྡུག་པའི་ཀླུ་ཆུ་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།