དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་རང་རྟེན་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-08-31

    ཀྲུང་གོའི་ཁེ་ལས་ཀྱིས་ཞིབ་སྤེལ་བྱ་བར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རང་རྟེན་ཐོན་རྫས་བཟོ་བཞིན་ཡོད། 2022ལོ་བར། ཀྲུང་གོའི་སྐམ་སའི་མ་རྐང་ཁྲོམ་རར་ཞུགས་པའི་ཁེ་ལས་ཀྱིས་ཞིབ་སྤེལ་རྣམ་གྲངས་ལ་མ་དངུལ་གཏོང་ཚད་ལོ་5ཡི་རིང་ལྡབ་2.6འཕར་ཡོད། ཁེ་ལས་ཀྱིས་རང་རྟེན་གསར་གཏོད་བྱ་བར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དེས་ཀྲུང་གོའི་དཔལ་འབྱོར་འཕེལ་བར་ཕན་པ་ཐོབ་ཡོད།

    ཀྲུང་གོའི་ཁེ་ལས་གཉིས་ལ་མཚོན་ན། ཀྲུང་གོའི་རླངས་འཁོར་བཟོ་སྐྲུན་བྱེད་མཁན་པི་ཡ་ཏི་ཚོགས་པའི་ཞིབ་སྤེལ་རུ་ཁག་ལ་མི་ཁྲི་7ཙམ་ཟིན་པ་དེ་པི་ཡ་ཏི་ཚོགས་པས་སྔོན་ཐོན་གྱི“སྤུ་གྲི་རྣམ་པའི་གློག་རྫས”སོགས་ཀྱི་ཐོན་རྫས་གསར་སྤེལ་བྱས་པ་དང་ཁ་འབྲལ་ཐབས་མེད། གློག་འདྲེན་ཕྱེད་རྫས་བཟོ་མཁན་ཁེ་ལས་ཧའེ་ཀོང་ཆ་འཕྲིན་ལག་རྩལ་མ་རྐང་ཚད་ཡོད་ཀུང་སིར་ཞིབ་སྤེལ་བྱེད་མཁན་གྱིས་ལས་མི་ཡོངས་ཀྱི་90%བཟུང་ཡོད་ལ་ཕལ་མོ་ཆེ་ན་གཞོན་ཡིན་པ་རེད།

    —— རི་པིན་གྱི《རི་པིན་དཔལ་འབྱོར་གྱི་ཨེ་ཤེ་ཡའི་དཔྱད་གླེང》ཐོག་ཏུ་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།