དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲེན་ཀྲེན་གྱིས་ཕ་རི་སི་བར་གྱི་ཟོག་འདྲེན་ཆེད་སྤྱོད་གནམ་གྲུ་མང་དུ་བཏང་བ།

    ཀྲུང་གོ་དང་ཧྥ་རན་སིའི་དབར་གྱི་རྒྱལ་ཁོངས་བརྒལ་བའི་དངོས་ཟོག་མགྱོགས་ཤོས་ཉིན་3ནང་འབྱོར་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-08-31

    ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་གིས་རྒྱལ་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཁེ་ལས་ཡུན་ཐུའུ་ཟོག་འགྲེམས་དང་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་དོན། ཕྱོགས་གཉིས་པོས་མཉམ་འབྲེལ་བྱས་ཏེ་ཧྲེན་ཀྲེན་ནས་ཕ་རི་སིའི་བར་གྱི་ཟོག་འདྲེན་གནམ་གྲུ་ཤང་ཀང་ནས་གཟའ་འཁོར་རེར་འཕུར་ཐེངས་གསུམ་ནས་དྲུག་བར་མང་དུ་བཏང་བས། ཧྲེན་ཀྲེན་གནམ་ཐང་ནས་བཏང་བའི་རྒྱལ་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན་བསྐུར་མ་འབྱོར་བ་ནས་མངགས་སྐྱེལ་བྱེད་པའི་བར་མགྱོགས་ཤོས་ཉིན་3ནང་ཧྥ་རན་སིའི་འཛད་སྤྱོད་པའི་ལག་ཏུ་འབྱོར་ཐུབ།

    ཧྲེན་ཀྲེན་ནས་ཕ་རི་སིའི་བར་གྱི་གནམ་གྲུ་མང་དུ་བཏང་རྗེས། ཧྲེན་ཀྲེན་གནམ་ཐང་མིག་སྔའི་དུས་གཏན་གནམ་གྲུ་འཕུར་ཐེངས་མང་ཤོས་ཀྱི་རྒྱལ་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན་གྱི་མཁའ་ཐོག་སྐྱེལ་འདྲེན་ཆེད་སྤྱོད་ལམ་ཐིག་ཅིག་ཏུ་གྱུར་ནས། གཟའ་འཁོར་རེར་མཁའ་ཐོག་ནས་སྐྱེལ་འདྲེན་བྱེད་ཤུགས་ཏུན་600བར་མང་དུ་ཕྱིན་ཡོད་ལ། འབྱུང་འགྱུར་དྲ་ཐོག་ཚོང་དོན་གྱི་དངོས་ཟོག་ཧྥ་རན་སིར་འབྱོར་རྗེས་ཆུ་ཚོད་6གི་ནང་ཚུན་དུ་འདོན་འཇུག་དང་འགག་སྒྲོལ་གཙང་བཤེར་སོགས་ཀྱི་འགྲོ་ལུགས་ཆ་ཚང་ལེགས་འགྲུབ་ཐུབ་རྒྱུ་རེད།

    མིག་སྔའི་བར། ཧྲེན་ཀྲེན་གནམ་ཐང་དུ་རྒྱལ་སྤྱི་དང་དེ་བཞིན་ས་ཁུལ་གྱི་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་35བར་མང་དུ་ཕྱིན་ནས། འཛམ་གླིང་ཡོངས་ཀྱི་གླིང་ཆེན་ལྔ་དང་རྒྱལ་ཁབ་དང་ས་ཁུལ་23ལ་ཁྱབ་སྟེ་ཧྲེན་ཀྲེན་ནས་བཏང་བའི་རྒྱལ་ནང་གི་དངོས་ཟོག་དག་ཕལ་ཆེར་ཉིན་གཅིག་ནང་འབྱོར་གྱི་ཡོད་ལ། རྒྱལ་སྤྱིའི་དངོས་ཟོག་དག་མགྱོགས་ཤོས་ཉིན་གཉིས་ནང་ཨེ་ཤེ་ཡའི་གྲོང་ཁྱེར་གཙོ་བོ་ཁག་ལ་འབྱོར་བ་དང་མགྱོགས་ཤོས་ཉིན་གསུམ་ནང་གོ་ལ་ཧྲིལ་པོའི་གྲོང་ཁྱེར་གཙོ་བོ་གཞན་དག་གི་དམིགས་སའི་ཁུལ་དུ་འབྱོར་ནས་ཧྲེན་ཀྲེན་གྱི་རྒྱལ་ཁོངས་བརྒལ་བའི་དྲ་ཐོག་ཚོང་དོན་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་ཁྲོམ་ར་གཏོད་པར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།