དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    འབོ་གསེར་གྱི་ཁོངས་མིའི་རྒྱལ་ཁབ་མང་དུ་ཕྱིན་པ་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-08-31

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་འབོ་གསེར་གྱི་ཁོངས་མིའི་རྒྱལ་ཁབ་མང་དུ་ཕྱིན་པ་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་རེ་འདུན་དང་འཚམ་ཡོད་པས། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་འཕེལ་ཕྱོགས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཆབ་སྲིད་དང་དཔལ་འབྱོར་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་ནུས་ལྡན་གཏོང་བ་བཅས་ཐུབ་ངེས་རེད་ཅེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུར་གསར་འགོད་པ་ཞིག་གིས། འབོ་གསེར་གྱི་ཁོངས་མིའི་རྒྱལ་ཁབ་མང་དུ་ཕྱིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་སྨྱན་སྦྱོར་གྱིས་དཔྱད་གཏམ་སྤེལ་ནས་ད་ཐེངས་ཀྱི་ཁོངས་མིའི་རྒྱལ་ཁབ་མང་དུ་ཕྱིན་པ་ནི་འབོ་གསེར་གྱི་ལམ་སྲོལ་འཕེལ་རྒྱས་ཕྱིན་པའི་ལམ་ཚད་ཀྱི་རྡོ་རིང་གལ་ཆེན་ཞིག་ཡིན་པ་དང་། དེ་ཐོག་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”དར་རྒྱས་ཕྱིན་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་མཚོན་ཡོད་ལ་ས་ཁོངས་མི་འདྲ་བའི་རྒྱལ་ཁབ་ཀྱིས་སྣེ་མང་ཅན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་རེ་སྒུག་བྱེད་པའང་མཚོན་གྱི་ཡོད་ཅེས་བརྗོད་ཡོད། ཡང་ལྟ་ཚུལ་འཛིན་མཁན་འགའ་ཞིག་གིས་འབོ་གསེར་རྒྱལ་ཁབ་ལ་ནུབ་ཕྱོགས་ལ་རྒོལ་བའི་སྟོབས་ཤུགས་ཆེན་པོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། དེས་དཔུང་ཁག་ཁ་གཏད་དུ་ལངས་ཤུགས་ཆེ་རུ་འགྲོ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    དབང་ཝུན་པིན་གྱིས། གཟའ་འཁོར་གོང་མར་འཚོགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པའི་ནང་སོ་ཏི་ཨ་རབ་དང་། ཨེ་ཅིབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨ་ཀེན་ཐིན། དབྱི་རན། ཨེ་ཙེ་ཨོ་ཕི་ཡ་བཅས་ཁོངས་མིའི་རྒྱལ་ཁབ་གསར་པའི་ངོས་ནས་འབོ་གསེར་ལ་ཞུགས་རྒྱུའི་གདན་ཞུ་བྱས་པ་དང་འབྲེལ་འདོད་མོས་ཡོད་པ་དང་ཆ་རྐྱེན་འཛོམས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་འབོ་གསེར་རོགས་ཟླའི་རྒྱལ་ཁབ་ལ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་མོས་མཐུན་གཅིག་མཐུན་གནང་ཡོད། འདི་ནི་འབོ་གསེར་རྒྱལ་ཁབ་འཕེལ་རྒྱས་འགྲོ་རིང་གི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད་ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས“ད་ཐེངས་ཁོངས་མིའི་རྒྱལ་ཁབ་མང་དུ་ཕྱིན་པ་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་རེ་འདུན་དང་འཚམ་ཡོད་པས། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་འཕེལ་ཕྱོགས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། གོ་ལ་ཧྲིལ་པོའི་ཆབ་སྲིད་དང་དཔལ་འབྱོར་གྱི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་ནུས་ལྡན་གཏོང་ཐུབ་ངེས་རེད”ཅེས་བརྗོད་པ་རེད།

    དབང་ཝུན་པིན་གྱིས“ངས་ནན་བཤད་བྱེད་དགོས་པ་ཞིག་ནི། འབོ་གསེར་མཉམ་ལས་ཀྱིས་སྒོ་དབྱེ་བསྟུན་མཁས་དང་གཉིས་ཁེ་གཉིས་ཕན་གྱི་གྲོས་འགོ་བཏོན་དོན་ནི་ཐུན་མོང་ཐོག་འཕེལ་རྒྱས་དང་ཡོངས་ཁྱབ་ཀྱིས་དར་རྒྱས་ཡོང་བ་བྱེད་པ་ལས་དཔུང་ཁག་གི་ཁ་གཏད་དུ་མི་ལང་བ་བྱེད་པ་དེ་ཡིན་པས‘ཤོག་ཁག་ཆུང་ངུ’དང‘ཚོགས་པ་ཆུང་ངུ’དང་ངོ་བོའི་ཐོག་ནས་འདྲ་གི་མེད”ཅེས་བརྗོད་པ་དང་། ཁོང་གིས་འབོ་གསེར་ལམ་སྲོལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དེ་ནི་ལྷོ་ལྷོ་མཉམ་ལས་ཀྱི་ལས་སྟེགས་རྒྱ་སྐྱེད་དུ་ཕྱིན་པ་དང་། ཞི་བདེ་སྲུང་སྐྱོང་གི་སྟོབས་ཤུགས་ཆེ་རུ་ཕྱིན་པ། འཛམ་གླིང་གི་དྲང་བདེན་འཐབ་ཕྱོགས་རྒྱ་སྐྱེད་དུ་ཕྱིན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་གཞན་ཞིག་བཅས་ཡིན་པས་རྒྱལ་ཁབ་མང་ཆེ་བའི་དགའ་བསུ་ཐོབ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།