དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-31

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ནང“མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་རེད་ལ། འཕེལ་རྒྱས་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགག་རྩ་རེད”ཅེས་བསྟན་གནང་ཡོད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་དང་ཡར་ཐོན་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཡི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།

    གྲང་ངར་ཆེ་བའི་དགུན་དུས་བརྒྱུད་མྱོང་ན་གཞི་ནས་དཔྱིད་ཀའི་དྲོ་སྐྱིད་ཚོར་ཐུབ་པ་དང་། མུན་ནག་བརྒྱུད་མྱོང་ཚེ་ད་གཟོད་འོད་སྣང་ནི་ཅི་འདྲའི་རྩ་ཆེ་བ་ཞིག་ཡིན་པ་རྟོགས་ཐུབ། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང“རི་སྟེང་དུ་བདག་པོ་མེད་པའི་རི་དྭགས་ཡོད་ཀྱང་རི་གཤམ་དུ་བདག་པོ་མེད་པའི་མི་མེད”ཅེས་ཤོད་སྲོལ་ཡོད། དེས་བོད་རྙིང་པའི་ཞིང་བྲན་ཁྲི་ཚོ་བརྒྱའི་དཀའ་ཚེགས་ཆེ་བའི་གནས་བབ་དངོས་མཚོན་ཡོད། བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་མིའི་རིགས་ཀྱི་ལ་རྒྱ་རྡོག་རོལ་དུ་བཏང་བ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་བཏང་བ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་རྩ་བའི་ཐོག་ནས་འགོག་རྐྱེན་བཟོས་པ་བཅས་ཀྲུང་གོ་དང་འཛམ་གླིང་གི་ཡར་ཐོན་རླབས་རྒྱུན་དང་རྦད་དེ་རྒྱབ་འགལ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག དེ་སྔ“རང་གི་གྲིབ་གཟུགས་ལས་མི་དབང་བ་དང་ཤི་རྗེས་ཐལ་བའི་རྡུལ་ཙམ་ལས་མི་ལྷག་པའི”ཞིང་བྲན་ཁྲི་ཚོ་བརྒྱར་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་ཐོབ་ནས་བོད་ཀྱི་མི་དམངས་ཚོ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་ཡོད།

    གངས་རི་སྔར་བཞིན་བརྗིད་ཆགས་སུ་གནས། ས་མཐོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཕྱུག་པོ་ཆགས་དཀའ་བ་དང་། འགྲོ་སྐྱོད་དཀའ་བ། འཐུང་ཆུ་དཀོན་པ། གློག་དཀོན་པ། འཕྲིན་གཏོང་དཀའ་བ། དྲོད་ལེན་དཀའ་བ། སློབ་གྲྭར་སྐྱོད་དཀའ་བ། སྨན་པ་བསྟེན་དཀའ་བ། རྒན་གསོ་དཀའ་བ་སོགས་ཀྱི་གནད་དོན་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱུང་བ་དང་མི་དམངས་ཀྱི་འཕེལ་རྒྱས་དབང་ཆ་ཆེ་རུ་གང་ལེགས་ཕྱིན་ཡོད། “གྲོང་ཚོར་ལམ་བསྐྲུན་པ་དང་། འབྱོར་འབྲིང་གི་བདེ་སྡོད་ཁང་པར་སྤོས་པ། རྒྱལ་ཁབ་ཀྱི་ཁ་གསབ་སྲིད་ཇུས་ཁག་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ལས་ང་ཚོ་ལྷོ་པ་རིགས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ཡག་ཏུ་ཕྱིན་ཡོད”འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་བཀྲ་ཤིས་རྒྱལ་མཚན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“བོད་རྙིང་པའི་སྐབས་སུ་ལྷོ་པ་མི་རིགས་རི་ཁུལ་དུ་འཚོ་སྡོད་བྱེད་པ་དང་འཚོ་བར་དཀའ་ངལ་ཆེན་པོ་ཡོད། ད་ཆ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་མ་ཟད། སླད་ཕྱིན་གྱི་འཚོ་བར་དེ་བས་རེ་སྒུག་བྱེད་རིན་ཡོད”ཅེས་བཤད། སློབ་གསོར་བརྟེན་ནས་ཕུགས་འདུན་དོན་གཉེར་བྱས་ཏེ་མི་ཚེར་རེ་བ་སྦྱིན། “ཏང་གི་སྲིད་ཇུས་བཟང་པོའི་འོག་ང་རང་བདེ་བླག་ངང་སློབ་མཐར་ཕྱིན་སོང”བོད་ལྗོངས་འཛིན་གྲྭའི་སློབ་མ་ཁག་དང་པོའི་ངོས་ནས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཟླ་བ་ཚེ་རིང་གིས་ས་མཐོའི་སློབ་གསོའི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ཞིང་། “ད་ཆ་ཏང་དང་རྒྱལ་ཁབ་ཀྱིས་བོད་ཀྱི་སློབ་གསོ་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཚད་དང་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་ཕྱིན་པས་ཕྲུ་གུ་ཚོ་དུས་རབས་ཡག་ཤོས་སུ་འཚར་ལོངས་བྱུང་བ་དང་། ཁོང་ཚོས་ལོངས་སུ་སྤྱོད་པའི་སློབ་གསོའི་ཞབས་ཞུ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བཤད།

    རི་བོ་ཧི་མ་ལ་ཡས་མི་དམངས་ཀྱི་བདེ་སྐྱིད་ཁམས་བཟང་གི་དཔང་པོ་བྱེད་པ་དང་ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོས་གུང་ཁྲན་ཏང་མིའི་དམ་བཅའ་བརྟན་པོ་སྲུང་བཞིན་ཡོད། ད་ཆའི་བོད་ལྗོངས་སུ་ཁྱིམ་ཚང་ཚང་མའི་ཁང་པའི་སྟེང་དུ་རྒྱལ་དར་བཙུགས་པ་དང་། དུད་ཚང་ཚང་མའི་ཁྱིམ་དུ་གཙོ་འཛིན་གྱི་སྐུ་པར་བཀལ་ཡོད། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་དང་། འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བ། སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་ནི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་ཡར་རྒྱས་ཀྱི་དཔང་པོ་ཡག་ཤོས་རེད།

    འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པར་དེ་བས་ཡག་པ་ལས་ཡག་ཤོས་ཟེར་བ་མེད། མིག་སྔར། བོད་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་འཇོག་དང་འགན་ལེན་སྔར་ལས་ལྷག་པ་ཐོབ་ངེས་ཡིན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བདེ་སྐྱིད་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།