དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་དུ་དྲ་སྦྲེལ་ཁྱབ་ཚད་76.4%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-08-30

     ཚེས་28ཉིན་ཀྲུང་གོ་དྲ་སྦྲེལ་ཆ་འཕྲིན་ལྟེ་གནས(CNNIC) ཀྱིས་པེ་ཅིང་དུ《ཀྲུང་གོ་དྲ་སྦྲེལ་འཕེལ་རྒྱས་ཀྱི་གནས་ཚུལ་བསྡོམས་རྩིས་སྙན་ཞུ》(གཤམ་དུ《སྙན་ཞུ》ཞེས་བསྡུ་རྒྱུ)ཐེངས་52པ་ཡོངས་བསྒྲགས་བྱས་ཤིང་། 《སྙན་ཞུའི》ནང་མངོན་པར། 2023ལོའི་ཟླ་6པའི་བར་རང་རྒྱལ་གྱི་དྲ་དམངས་ཀྱི་གཞི་ཁྱོན་མི་དུང་ཕྱུར་10.79ཟིན་པ་དེ་2022ལོའི་ཟླ་12པ་དང་བསྡུར་ན་མི་ཁྲི་1109མང་དུ་ཕྱིན་པ་དང་དྲ་སྦྲེལ་ཁྱབ་ཚད་76.4%ཟིན་ཡོད་པ་རེད།

    《སྙན་ཞུའི》ནང་མངོན་དོན། དྲ་རྒྱའི་རྨང་གཞིའི་ཐོན་ཁུངས་ཐད་2023ལོའི་ཟླ་6པའི་བར་རང་རྒྱལ་གྱི་ཁོངས་མིང་བསྡོམས་འབོར་ཁྲི་3024ཟིན་ཞིང་། IPv6གནས་ཡུལ་གྱི་གྲངས་འབོར་68055/32དང་IPv6རྒྱུན་གཏན་སྤྱོད་མཁན་དུང་ཕྱུར་7.67ཟིན་པ། དྲ་སྦྲེལ་གྱི་དྲ་ཆེན་མཐུད་སྣེའི་གྲངས་འབོར་དུང་ཕྱུར་11.1ཟིན་པ། འོད་སྐུད་སྐུད་ལམ་རིང་ཚད་སྤྱི་ལེ་ཁྲི་6196ཟིན་ཡོད། སྒུལ་བདེའི་དྲ་རྒྱའི་འཕེལ་རྒྱས་ཐད། ཟླ་6པའི་བར་རང་རྒྱལ་གྱི་སྒུལ་བདེའི་ཁ་པར་གྱི་སྦྲེལ་ཚུགས་བསྡོམས་འབོར་ཁྲི་1129ཟིན་པ་དེའི་ནང་རིམ་རྩིས་བྱས་ན་5Gསྦྲེལ་ཚུགས་ཁྲི་293.7བསྐྲུན་ཟིན་པ་དེས་སྒུལ་བདེའི་སྦྲེལ་ཚུགས་བསྡོམས་འབོར་གྱི་26%བཟུང་ཡོད་པ་དང་། སྒུལ་བདེའི་དྲ་སྦྲེལ་གྱི་བཞུར་ཚད་རིམ་རྩིས་བྱས་ན་GBདུང་ཕྱུར་1423ཟིན་པ་དེ་དུས་མཚུངས་ལས་14.6%འཕར་བ། སྒུལ་བདེའི་དྲ་སྦྲེལ་བཀོལ་སྤྱོད་བྱེད་ཚད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། རྒྱལ་ནང་གི་ཁྲོམ་རར་ལྟ་ཞིབ་ཚད་ལེན་ཐུབ་པའི་རྒྱུན་གཏན་གྱི་APPགྲངས་འབོར་ཁྲི་260ཟིན་ནས་དྲ་དམངས་ཀྱི་རྒྱུན་གཏན་གྱི་སློབ་སྦྱོང་དང་། ལས་ཀ འཚོ་བ་བཅས་ལ་སྔར་བས་ཁྱབ་ཡོད་པ་རེད། ཟོག་འབྲེལ་དྲ་རྒྱའི་འཕེལ་རྒྱས་ཐད་ཟླ་6པའི་བར་རྨང་གཞིའི་གློག་འཕྲིན་ཁེ་ལས་གསུམ་གྱིས་ཟོག་འབྲེལ་དྲ་རྒྱའི་མཐའ་སྣེ་སྤྱོད་མཁན་དུང་ཕྱུར་21.23མང་དུ་བཏང་བ་དེ་2022ལོའི་ཟླ་12དང་བསྡུར་ན་སྤྱོད་མཁན་དུང་ཕྱུར་2.79དངོས་སུ་འཕར་བ་དང་སྒུལ་བདེའི་དྲ་སྦྲེལ་གྱི་མཐའ་སྣེ་སྦྲེལ་མཐུད་བྱེད་ཚད་ཀྱི་བསྡུར་ཚད་55.4%ཟིན་ནས་དངོས་པོ་ཐམས་ཅད་དྲ་སྦྲེལ་ཐུབ་ཚད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།

    《སྙན་ཞུའི》ནང་མངོན་པར། ལོ་སྟོད་དུ་རང་རྒྱལ་གྱི་རིགས་ཁག་གི་དྲ་སྦྲེལ་བཀོལ་སྤྱོད་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ནས་རིགས་མི་འདྲ་བའི་བཀོལ་སྤྱོད་སྤྱོད་མཁན་གྱི་གཞི་ཁྱོན་ངེས་ཅན་ཞིག་འཕར་ཡོད། གཅིག་ནས་འཕྲིན་གཏོང་དང་། དྲ་རྒྱའི་བརྙན་ལམ། བརྙན་ཐུང་སྤྱོད་མཁན་བཅས་ཀྱི་གཞི་ཁྱོན་སྐབས་འཕྲལ་སྔར་བཞིན་ཨང་དང་པོ་ནས་ཨང་གསུམ་པར་གནས་ཡོད། ཟླ་6པའི་བར་འཕྲིན་གཏོང་དང་། དྲ་རྒྱའི་བརྙན་ལམ། བརྙན་ཐུང་སྤྱོད་མཁན་བཅས་ཀྱི་གཞི་ཁྱོན་སྐབས་འཕྲལ་མི་དུང་ཕྱུར་10.47དང་། མི་དུང་ཕྱུར་10.44 མི་དུང་ཕྱུར་10.26བཅས་སོ་སོར་ཟིན་ནས་སྤྱོད་མཁན་གྱི་སྤྱོད་ཚད་97.1%དང་། 96.8% 95.2%བཅས་སོ་སོར་ཟིན་ཡོད་པ་རེད། གཉིས་ནས་དྲ་འབོད་རླངས་འཁོར་དང་། དྲ་ཐོག་ནས་ཡུལ་སྐོར་སྔོན་མངགས། དྲ་རྒྱའི་རྩོམ་རིག་སོགས་སྤྱོད་མཁན་གྱི་གཞི་ཁྱོན་ཅུང་མགྱོགས་ཙམ་འཕར་བ། ཟླ་6པའི་བར་དྲ་འབོད་རླངས་འཁོར་དང་། དྲ་ཐོག་ནས་ཡུལ་སྐོར་སྔོན་མངགས། དྲ་རྒྱའི་རྩོམ་རིག་བཅས་ཀྱི་སྤྱོད་མཁན་གྱི་གཞི་ཁྱོན་དེ་2022ལོའི་ཟླ་12དང་བསྡུར་ན་མི་ཁྲི་3492དང་། མི་ཁྲི་3091 མི་ཁྲི་3592བཅས་སོ་སོར་འཕར་ནས་འཕར་ཚད་8.0%དང་། 7.3% 7.3%བཅས་སོ་སོར་ཟིན་ནས་སྤྱོད་མཁན་གྱི་གཞི་ཁྱོན་འཕར་མགྱོགས་ཤོས་ཀྱི་རིགས་གསུམ་པའི་བཀོལ་སྤྱོད་དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།